སྤྱི་ཟླ་6པའི་ཚེས་29ཉིན། སི་ཁྲོན་ཀོང་ཧན་སན་ཞིང་ཏུའེ་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀུའོ་ཧན་ཀྲུང་གིས་བཤད་རྒྱུར། སན་ཞིང་ཏུའེ་ཡི་མཆོད་འབུལ་ས་དོང་ཨང་8པ་ནས་ཐོན་པའི་ཟངས་ཀྱི་རི་དྭགས་དང་། ལི་བུམ། མཆོད་འབུལ་ས་དོང་ཨང་3པ་ནས་ཐོན་པའི“ཡ་མཚར་ཅན”ཞེས་སུ་གྲགས་པའི་ཟངས་རྩེའི་མི་གཟུགས་བཅས་ཕན་ཚུན་ཆ་སྒྲིག་བྱེད་ཆོག་ཤས་ཆེ་ཞེས་བཤད་པ་རེད། རི་མོ་འདི་དག་ནི་བསྟར་སྒྲིག་བྱས་ནས་བཞག་པའི་ཡོ་བྱད་གསུམ་ཏེ། ལི་བུམ་དང་ལིའི་རི་དྭགས། ཟངས་རྩེའི་མི་གཟུགས་བཅས་ཡིན། །