《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རྒྱ་ཡིག་དང་དབྱིན་ཡིག་གི་དེབ་བཞི་པ་ དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-05


 

     ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་སྐབས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རྒྱ་ཡིག་དང་དབྱིན་ཡིག་གི་དེབ་བཞི་པ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་ཤིང་། འདི་ནི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རྒྱ་ཡིག་དང་དབྱིན་ཡིག་གི་དེབ་བཞི་པའི་དེབ་སྤུས་མ་དང་དེབ་དཀྱུས་མ་ཡིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་སྐབས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རྒྱ་ཡིག་དང་དབྱིན་ཡིག་གི་དེབ་བཞི་པ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་མཚོན་བྱེད་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཏང་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་གང་ལེགས་སྤྱད་དེ་དོན་དངོས་གསར་པ་དང་བསྟུན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཤིག་དང་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཅིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱས་ཡོད།

     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནས་གསུམ་པ་བར་དཔེ་སྐྲུན་བྱས་ཚུན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། མི་དམངས་ཀྱི་འབད་འཐབ་ལག་ལེན་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་གཟུགས་བརྙན་བཟང་པོ་མངོན་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལོ་གཉིས་ལྷག་ཙམ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ལ་འགོ་ཁྲིད་གནང་ནས་དུས་བབ་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་རླབས་ཆེན་ལག་ལེན་ཁྲོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིག་ཟབ་མོ་དང་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གསར་པ་བཅད་གནང་བ་མ་ཟད། ཐོག་མའི་གསར་གཏོད་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཀྲུང་གོའི་གནད་དོན་དང་། འཛམ་གླིང་གི་གནད་དོན། མི་དམངས་ཀྱི་གནད་དོན། དུས་རབས་ཀྱི་གནད་དོན་བཅས་ལ་སྔར་བས་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་ཡོད།

     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་2ཚེས་3ཉིན་ནས་2022ལོའི་ཟླ་5ཚེས་10ཉིན་བར་གནང་བའི་གསུང་བཤད་དང་། གླེང་མོལ། གཏམ་བཤད། ཤིས་ཚིག མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཁྱོན་གསུང་རྩོམ་109བསྡུས་ཡོད་པ་དེ་དག་ཆེད་དོན་21ལ་དབྱེ་ཡོད། ཀློག་པ་པོ་རྣམས་ལྟ་བདེ་པོ་ཡོང་ཆེད། རྩོམ་སྒྲིག་བྱེད་སྐབས་དགོས་ངེས་ཀྱི་མཆན་འགྲེལ་བྱས་ཡོད། དེབ་འདིའི་ནང་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2020ལོའི་ཟླ་དང་པོ་ཚུན་གྱི་པར་45བཀོད་ཡོད།

     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཉིས་བརྩེགས་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་དང་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བཅས་གནང་བ་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། ཀྲུང་ཧྭའི་ས་གཞི་ཆེ་མོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་རླབས་ཆེན་ལག་ལེན་བཏོད་པའི་སྐོར་གསོན་ཉམས་དོད་པོ་བཀོད་དེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པར་མ་ཟད། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པའི་ལེགས་སྐྱེས་གསར་ཤོས་ཀྱང་གང་ལེགས་མངོན་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བཏོད་པའི་བསམ་ཕྱོགས་གསར་པ་དང་མཆོང་སྐྱོད་གསར་པ་མངོན་འགྱུར་ཕྱོགས་ཡོངས་དང་ཞིབ་ཕྲའི་ངང་མངོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1