མི་མང་ཤོས་ཀྱིས་བཟའ་བཏུང་རིགས་ཉོ་དུས། རྒྱུན་པར“སྤུས་བརྟན་དུས་ཡུན(保质期)”ལ་ལྟ་བ་དང་། “སྤུས་བརྟན་དུས་ཡུན”ལས་བཟའ་བཏུང་རིགས་ཀྱི་སྤུས་ཀའི་བདེ་འཇགས་ཤེས་པ་ཡིན། འོན་ཀྱང་། བཟའ་བཏུང་རིགས་འདི་དག་ལ“སྤུས་བརྟན་དུས་ཡུན”མེད་པ་དང་། དུས་ཡུན་རིང་བོར་བཞག་ཀྱང་སྔར་བཞིན་སྤྱོད་ཆོག་པ་ཡིན།
གཅིག སྦྲང་རྩི།
འཚོ་བཅུད་རིག་པའི་ཕྱོགས་ནས་བཤད་ན། སྦྲང་རྩི་ངོ་མ་ལ“སྤུས་བརྟན་དུས་ཡུན”མེད་པ་དང་། ཡུན་རིང་ལ་བཞག་ཀྱང་། བརྫད་པའམ་ཡང་ན་ངོ་བོ་འགྱུར་བའི་གནས་ཚུལ་སོགས་མི་འབྱུང་།
སྦྲང་རྩིའི་ནང་དུ་སྲིན་འགོག་རྒྱུ0.1%ནས0.4%ཡི་བར་ཙམ་འདུས་པ་དང་། ཆུའི་རིགས་ཕལ་ཆེར་མེད་སྟབས། འཚོ་བའི་ཁོར་ཡུག་ནང་གི་འབུ་ཕྲ(细菌)སྦྲང་རྩིའི་ནང་དུ་སྐྱེ་འཕེལ་འབྱུང་མི་ཐུབ། སྦྲང་རྩིའི་ཉར་འཇོག་བྱེད་ཐབས་བཟང་ན། སྤྱིར་བཏང་དུ་ངོ་བོ་མི་འགྱུར་བ་ཡིན།
གཉིས། བཟའ་ཚྭ།
བཟའ་ཚྭའི་ཐོན་སྐྱེད་ཀྱི་ཁྲོད་དུ་ཁིལ་ནཱ་རྫས(氯化钠)དང་རྫས་འགྱུར་དངོས་པོ་འབྱུང་བ་དང་། དེ་ཡིས“སྤུས་བརྟན་དུས་ཡུན”ལ་ནུས་ལྡན་རྒྱུན་འཁྱོངས་བྱེད་ཐུབ། དེར་བརྟེན། ཚྭའི་རིགས་ཀྱི་ཉར་འཇོག་བྱེད་ཐབས་མ་འགྲིག་པར་བརླན་བརྒྱབ་ནས་རྡོག་པོར་གྱུར་ནའང་། མུ་མཐུད་དུ་སྤྱད་ཆོག
གསུམ། སྲ་གཟུགས་ཀ་ར།
སྲ་གཟུགས་ཀ་རའི་རིགས་ཀྱི་གྲུབ་ཚུལ་ནང་གི་ཆུའི་འདུས་ཚད་ཉུང་ཞིང་སིམ་ཤུགས་ཆེ་བའི་དབང་གིས། སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཕེལ་ལ་མི་འཕྲོད་པ་དང་སྦགས་བཙོག་བཟོ་དཀའ་བ་ཡིན། དེར་བརྟེན། སྲ་གཟུགས་ཀ་རའི་རིགས་ཀྱི་ངོ་བོ་འགྱུར་མི་སླ་ཞིང་། “སྤུས་བརྟན་དུས་ཡུན”ཡང་མེད་པ་ཡིན།
བཞི། ཆང་།
བསྙལ་བཙགས་བྱས་པའི་ཆང་དང་། ལྷག་པར་དུ་འབྲུ་རིགས་ཁོ་ན་སྤྱད་ནས་བཙགས་པའི་ཆང་ལ“སྤུས་བརྟན་དུས་ཡུན”མེད། གལ་ཏེ་དེ་ཉིད་ཀྱི་ཉར་འཇོག་བྱེད་ཐབས་ལེགས་ན། ལོ་མང་ལ་བཞག་ཀྱང་ཆོག་པ་ཡིན། ཆང་གི་ཉར་འཇོག་ལོ་ཚད་ཇི་ལྟར་རིང་ན་དེ་ལྟར་ཞིམ་ཞེས་པ་ལྟར། འབྲུ་རིགས་ཁོ་ན་ལས་བཙགས་པའི་ཆང་ཉར་འཇོག་བྱེད་པའི་ཁྲོད་དུ་སྐྱེ་དངོས་ཕྲ་རབ་ལ་མུ་མཐུད་དུ་སྐྱུར་བསྙལ་འབྱུང་སྟབས། ཉར་འཇོག་བྱས་པའི་ཆང་དེ་ཇེ་བཟང་དུ་འགྱུར་བ་ཡིན།
ལྔ། སྐྱུར་ཁུ།
རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན། སྐྱུར་ཚད4.5g/dLཡན་གྱི་སྐྱུར་ཁུ་ལ“སྤུས་བརྟན་དུས་ཡུན”མ་བཀོད་ཀྱང་ཆོག་པ་ཡིན། སྐྱུར་ཚད་ཚད་རིམ་འདི་འདྲ་ལ་ཐོན་ན། pHཚད་ཧ་ཅང་དམའ་བ་ཡིས་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཕེལ་ལ་ཚོད་འཛིན་བྱས་ཏེ་འབུ་ཕྲ་ཆགས་ནས་སྦགས་བཙོག་བཟོ་བ་ལ་སྔོན་འགོག་བྱེད་ཐུབ་པར་མ་ཟད། ད་དུང་ཡུན་རིང་ལ་ཉར་འཇོག་ཐུབ་པའི་ནུས་པའང་ཐོན་པ་ཡིན།
གལ་ཏེ། གོང་གསལ་གྱི་བཟའ་བཏུང་འདི་རིགས་ཉར་འཇོག་བྱེད་ཐབས་མ་ལེགས་པར་རླམ་སྐྱེས་པ་དང་འབྱར་བག་ལྡན་པ། ཇེ་སྙིའམ་ཡང་ན་ཇེ་སྲ་རུ་གྱུར་པ། རོ་ཁ་བ་དང་སྐྱུར་བ། དྲི་ངན་བྲོ་བ་སོགས་ཡིན་ཚེ། “སྤུས་བརྟན་དུས་ཡུན”ལས་བརྒལ་མེད་ནའང་བཟའ་མི་རུང་།