རྔ་བ་ཁུལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་བཟོ་གྲྭར་སླར་ཡང་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་ཁྲི5447ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-18


        གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་བཟོ་གྲྭའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར་སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རང་ཁུལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གཞི2022ལོའི་ཁག་གཉིས་པའི་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་འཆར་གཞི་གཤམ་སྤྲོད་བྱས། ཐེངས་འདིའི་གཤམ་སྤྲོད་བྱས་པའི་མ་དངུལ་གཏོང་བའི་འཆར་གཞི་དེ་གཟི་ཚ་སྡེ་དགུ་དང་། འཛམ་ཐང་། རྔ་པ་སོགས་རྫོང(གྲོང་ཁྱེར)6གི་སྡེ་ཁུལ་རྙིང་པའི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་ཆས་བསྒྱུར་བཀོད་རྣམ་གྲངས་དང་འབྲེལ་བར་མ་དངུལ་སྒོར་ཁྲི་7183གཏོང་འཆར་ཡོད་པའི་ནང་། ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི5447གཏོང་རྒྱུ་རེད།

        གོང་གསལ་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་གསར་བརྗེ་དང་ནུས་པ་འཐུས་ཚང་དུ་གཏོང་བར་སྐུལ་མ་བཏང་ནས། དམངས་འཚོའི་ནང་མཁོ་རྒྱ་ཆེར་གཏོང་བ་དང་གྲོང་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1