དབྱར་གསེང་འཆར་ལ་ཉེ་བའི་མཚམས་སུ། སློབ་མའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་དང་། སྤྱི་བདེ་ཅུས། སློབ་གསོ་ཅུས་བཅས་དང་མཉམ་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཡོང་སྟེ། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་མཉམ་ཤུགས་ཆགས་པར་བྱེད། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ལེའུ་གསར་པ་ཧུར་ཐག་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།