ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


 


ཟླ་7ཚེས་12ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་ཕེབས་སྐབས་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ། 

     ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་བསྟར་ཏེ་མཐུན་སྒྲིལ་ཞི་མཐུན་དང་། འབྱོར་ཕྱུག་དར་རྒྱས། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ།

    ■ ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་བསྟར་ཏེ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་དམ་པོར་འཛིན་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་མཐུན་སྒྲིལ་ཞི་མཐུན་དང་། འབྱོར་ཕྱུག་དར་རྒྱས། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཤིན་ཅང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས།

     ■ ཤིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམིགས་ཏེ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་ནུས་ཆེ་རུ་བཏང་ནས་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། མོས་སེམས་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་རིག་གནས་ལ་བརྟེན་ནས་ཤིན་ཅང་གི་གསོན་ཤུགས་འཕེལ་བར་བྱེད་དགོས། འཕེལ་རྒྱས་དང་བརྟན་ལྷིང་དང་། འཕེལ་རྒྱས་དང་དམངས་འཚོ། འཕེལ་རྒྱས་དང་མི་སེམས་བཅས་དབར་གྱི་འབྲེལ་བ་ཟབ་མོ་ཤེས་རྟོགས་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་པ་འདོགས་རྒྱུ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

     ■ པིང་ཐོན་གྱིས་དུས་བབ་གསར་པའི་བླང་བྱ་གསར་པ་དང་འཚམ་པར་བྱས་ནས། ཤིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་རིང་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པ་དང་། པིང་ཐོན་དང་ས་གནས་བསམ་ཇུས་གཅིག་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དུས་གཅིག་ཏུ་འཛུགས་སྐྲུན་བྱས་ཏེ། པིང་ཐོན་དང་ས་གནས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ལས་བྱེད་ཤེས་ལྡན་པ་སོགས་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྒྲིག་བཀོད་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་ཟབ་འཇུག ལེགས་ཆ་གསབ་རེས་བཅས་ཡོང་བར་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཤིན་ཅང་དུ་རྟོག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་བསྟར་ཏེ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་དམ་པོར་འཛིན་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་མཐུན་སྒྲིལ་ཞི་མཐུན་དང་། འབྱོར་ཕྱུག་དར་རྒྱས། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཤིན་ཅང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་7ཚེས་12ནས་ཚེས15ཉིན་བར། ཞི་ཅིན་ཕིང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཤིང་རུའེ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡཱ་ཙེའི་ཕེབས་རོགས་འོག ཝུའུ་ལུའུ་མུའུ་ཆི་དང་། ཧྲི་ཧོ་ཙི། ཐུའུ་ལུའུ་ཧྥན་སོགས་སུ་སྔ་རྗེས་སུ་ཕེབས་ནས་སློབ་གྲྭ་དང་། རྒྱལ་སྤྱིའི་སྐམ་སའི་འགག་སྒོ་ཁུལ། སྡེ་ཁུལ། རྟེན་རྫས་བཤམས་མཛོད་ཁང་། གྲོང་གསེབ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སོགས་ལ་བརྟག་ཞིབ་གནང་བ་རེད།

    ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དང་ཐོག་ཤིན་ཅང་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཞི་ཅིན་ཕིང་གིས་སློབ་གྲྭའི་ལོ་རྒྱུས་ཁང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་གཏོང་གི་ཞིབ་འཇུག་རྟེན་གཞིར་གཟིགས་སྐོར་གནང་ནས་སློབ་གྲྭའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འཛུགས་སྐྲུན་དང་། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན། མི་རིགས་འགྲོ་འོང་ལ་སྐུལ་འདེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྟོག་ཞིབ་མཇུག་འགྲིལ་ནས་ཕྱིར་ལོག་པའི་སློབ་མས་ཚོར་སྣང་གླེང་བ་དེ་ཡང་གསན་པ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ནི་རང་རྒྱལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། ང་ཚོས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་བཅས་ནང་དོན་གཙོ་བོར་བྱས་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་གཏན་འཁེལ་བྱས་པ་བརྒྱུད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་མི་རིགས་ཁག་ལ་དོན་སྙིང་ངོ་མ་ལྡན་པའི་འདྲ་མཉམ་དང་། མཐུན་སྒྲིལ། ཡར་ཐོན་བཅས་བྱུང་ཡོད། ང་ཚོའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ནི་ཡག་པོ་དང་གོ་ཆོད་པ་ཞིག་ཡིན། དེས་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་མཐུན་སྒྲིལ་ཆེན་པོ་ལྡན་པའི་ཀྲུང་གོ་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད་པ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡོང་ངེས་ཡིན་པས། ང་ཚོའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཡོང་ངེས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་ངེས་ཡིན་ཞེས་བསྟན་གནང་བ་རེད།

     ཞི་ཅིན་ཕིང་གིས། མི་སྣ་གསོ་སྐྱོང་གི་རྩ་བ་དེ་ཀུན་སྤྱོད་ལེགས་སྐྱོང་ལ་ཐུག་ཡོད། དེས་ན་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། ལེགས་ཆ་དང་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གཏོད་པ། ཚན་ཞིབ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཤིན་ཅང་སློབ་ཆེན་གྱི“རྩེ་གྲ་གཉིས”འཛུགས་སྐྱོང་དེ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། སླད་ཕྱིན་སློབ་གྲོགས་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་འབད་འཐབ་ཧུར་ཐག་བྱེད་མཁན་གཞོན་ནུ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

     ཚེས་13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་ཕེབས་ཤིང་། སྡེ་ཁུལ་དེའི་གྲོང་མི་95%ཡན་ནི་གྲངས་ཉུང་མི་རིགས་རེད། ཞི་ཅིན་ཕིང་ཏང་དམངས་ཞབས་ཞུ་ལྟེ་གནས་ཀྱི་ཚོམས་ཆེན་དང་། གཅེས་སེམས་ཁྱིམ་གཞིས། ཞབས་བྲོ་ཁང་། ལོ་ཆུང་བྱིས་པའི་དཔེ་ཀློག་ཁང་བཅས་སུ་ཕེབས་ནས་སྡེ་ཁུལ་གྱི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་བྱིས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱ་འཁྲབ་སྟོན་ལ་གཟིགས་ཤིང་། ཁོང་གིས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོར་སྔ་ས་ཆུང་ས་ནས་དམ་འཛིན་དང་། སྙིང་རུས་གཏན་འཁྱོངས། རིམ་པས་ཤུགས་རྐྱེན། མིག་འདྲིས་རྣར་འཇགས་བཅས་ཡོང་བ་བྱས་ཚེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་རྨང་གཞི་བརྟན་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཡུ་གུར་རིགས་ཀྱི་གྲོང་མི་ཨ་པུའུ་ལའེ་ཐི·ཐུར་ཤུན་ཁྱིམ་གྱི་ཚོམས་ཆེན་དང་།

    ཉལ་ཁང་། ཐབ་ཚང་སོགས་ལ་ཞིབ་པར་གཟིགས་ཏེ། ནང་མི་ཚོ་དང་མཉམ་དུ་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ཞི་ཅིན་ཕིང་གིས། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། ཤིན་ཅང་གི་མི་རིགས་ཁག་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་འབྲལ་ཐབས་མེད་པའི་ཁོངས་མི་ཡིན་པས། བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་དེར་གཅེས་སྤྲས་ལྷག་པར་བྱེད་དགོས། མི་རིགས་56གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ངེས་ཤུགས་རྒྱུན་འཁྱོངས་དང་། ཏན་ཏན་ཏིག་ཏིག ཕྱར་བ་གྲུ་འདེགས། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་འོག་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། སྡེ་ཁུལ་གྱི་ལས་དོན་ནི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལས་ཀའི་གཙོ་གནད་གཞི་རིམ་དུ་འཇོག་པ་དང་། མི་རིགས་ཁག་གི་གྲོང་མིའི་བསམ་འདུན་དང་རེ་སྒུག་ལ་དམ་པོར་དམིགས་པ། ཚང་མར་བྱ་བ་བཟང་པོ་སྒྲུབ་རོགས་དང་། བྱ་བ་དངོས་སྒྲུབ་རོགས། དཀའ་གནད་སེལ་རོགས་བཅས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་བསྟན་གནང་བ་རེད།

     སྡེ་ཁུལ་ནས་ཞལ་གྱེས་སྐབས། མི་རིགས་ཀྱི་གྱོན་ཆས་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཚང་མར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

    དེ་རྗེས། ཞི་ཅིན་ཕིང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས《ཤིན་ཅང་གི་ལོ་རྒྱུས་རིག་དངོས་འགྲེམས་སྟོན》ལ་གཟིགས་སྐོར་གནང་བ་དང་། མི་རིགས་ཀྱི་ལོ་རྒྱུས་སྙན་ངག《མཱ་ནཱ་སི》གཞས་མ་གཏམ་ལ་གཟིགས་པ་དང་འབྲེལ《མཱ་ནཱ་སི》ཡི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་སྣ་མང་འདུས་པ་ལས་གྲུབ་པའི་ཀྲུང་ཧྭའི་ཤེས་དཔལ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཤིན་ཅང་གི་མི་རིགས་ཁག་དབར་འགྲོ་འོང་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། གནའ་རྫས་རྟོག་ཞིབ་དངོས་པོ། རིག་གནས་ཤུལ་བཞག་བཅས་སྔོག་འདོན་གང་ལེགས་དང་བེད་སྤྱོད་ནུས་ལྡན་བྱས་ནས། ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་མང་བའི་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། ཤིན་ཅང་གི་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁྲག་རྒྱུན་མཉམ་འདྲེས་དང་ལས་དབང་གཅིག་མཐུན་གྱི་ཁོངས་མི་གལ་ཆེན་ཞིག་ཡིན་པ་གསལ་པོ་ཤོད་དགོས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་བསྟན་གནང་བ་རེད།

     ཚེས་13ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་བརྒྱད་པའི་ཧྲི་ཧོ་ཙི་གྲོང་ཁྱེར་དུ་ཕེབས་ནས་ཤིན་ཅང་པིང་ཐོན་གྱི་དམག་སྦོལ་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བ་རེད། རྟེན་རྫས་བཤམས་མཛོད་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་པིང་ཐོན་གྱི་མི་རབས་རྒན་དར་གཞོན་གསུམ་གྱི་འཛུགས་སྐྲུན་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད། ཁོང་གིས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཤིན་ཅང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་མཐའ་སྲུང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། པིང་ཐོན་བས་བཏོད་པའི་མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས། དཀའ་སྤྱད་ལས་གཏོད། གསར་འབྱེད་ཡར་བརྩོན་བཅས་ཀྱི་པིང་ཐོན་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྩ་ཆེའི་རྒྱུ་ནོར་དེ་དག་ཡག་པོ་སྤྱོད་དགོས་ཞེས་ནན་བཤད་གནང་བ་རེད།

     ཚེས་14ཉིན། ཞི་ཅིན་ཕིང་ཐུའུ་ལུའུ་ཧྥན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། རྒུན་འབྲུམ་རོང་དུ་ཞི་ཅིན་ཕིང་གིས་ཐུའུ་ལུའུ་ཧྥན་གྱི་ཁྱད་ལྡན་ཤིང་ཏོག་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས། ས་གནས་དེ་གའི་རྒུན་འབྲུམ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཐུའུ་ལུའུ་ཧྥན་གྱི་ཡུལ་ལྗོངས་མཛེས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ་བ་ནི་རང་བྱུང་ཁམས་ཆེ་མོའི་ལག་རྟགས་ཤིག་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་དམངས་ཕྱུག་ཐོན་ལས་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

     དེ་རྗེས། ཞི་ཅིན་ཕིང་ཀའོ་ཁྲང་ཆུས་ཡའར་གྲོང་རྡལ་གྲོང་གསར་ཡུག་ཁུལ་གྲོང་གསར་ཤིས་མོན་གྲོང་ཚོར་ཕེབས་ཏེ། ཏང་དམངས་ཞབས་ཞུ་ལྟེ་གནས་དང་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་སྔ་རྗེས་སུ་རྟོག་ཞིབ་གནང་བ་རེད། གྲོང་ཚོའི་ཐང་ཆེན་དུ་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་དགའ་འབོད་བྱེད་བཞིན་དུ་དེ་གར་རུབ་ཡོང་ནས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲོང་གསེབ་དེ་བས་འབྱོར་ཕྱུག་དང་། འཚོ་བ་དེ་བས་བདེ་སྐྱིད། གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བ་དང་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

     ཐུའུ་ལུའུ་ཧྥན་གྲོང་ཁྱེར་དུ། ཞི་ཅིན་ཕིང་གིས་ད་དུང་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ཅའོ་ཧོ་གནའ་གྲོང་ལ་རྟོག་ཞིབ་གནང་བ་རེད། ཅའོ་ཧོ་གནའ་གྲོང་ནི་འཛམ་གླིང་ཐོག་ཉར་ཚགས་ཆ་ཚང་ཤོས་དང་། རྒྱུན་མཐུད་ཡུན་རིང་ཤོས། གཞི་ཁྱོན་ཆེ་ཤོས་བཅས་ཀྱི་ས་རྒོད་གྲུབ་ཆའི་གནའ་རབས་ཀྱི་བཟོ་སྐྲུན་གྲོང་ཁྱེར་ཞིག་རེད། ཞི་ཅིན་ཕིང་གིས། ཅའོ་ཧོ་གནའ་གྲོང་ནི་དར་གོས་ལམ་བུའི་འགྲིམ་འགྲུལ་འགག་གནད་ཅིག་དང་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་བདེན་དཔང་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་རིག་པའི་རིན་ཐང་གལ་ཆེན་ལྡན་ཡོད། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་15ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཤིན་ཅང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་པ་དང་། ཤིན་ཅང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཤིན་ཅང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཤེས་དཔལ་ནི་ཤིན་ཅང་གི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཤིན་ཅང་གི་ལོ་རྒྱུས་དང་ལྷག་པར་དུ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ངོས་འཛིན་ཡང་དག་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་པ་དང་ཀྲུང་གོའི་སེམས་པ་དང་ཀྲུང་ཧྭའི་བླ་སྲོག་བརྟན་པོ་འཛུགས་དགོས་པ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི“རྨང་གཞི་བརྟན་གཏོང”འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ས་ཅི་ཐད་ནས་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

     ཞི་ཅིན་ཕིང་གིས། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་སྔར་ལས་ལྷག་པར་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། དད་ལྡན་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ་དང་། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ། བསམ་བློ་ཆབ་སྲིད་བརྟན་པོ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་མཐའ་འཁྱོངས། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། དད་ལྡན་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཆོས་ལུགས་དགོས་མཁོ་འགན་ལེན་བྱས་ནས་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས། མོས་སེམས་ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། རིག་གནས་ལ་བརྟེན་ནས་ཤིན་ཅང་གི་གསོན་ཤུགས་འཕེལ་བར་བྱེད་དགོས། རིག་གནས་ཀྱི་མོས་སེམས་ནི་ཆེས་གཏིང་ཟབ་པའི་མོས་སེམས་ཤིག་ཡིན། ལོ་རྒྱུས་དང་རིག་གནས་ཀྱི་ངེས་ཤེས་ཡང་དག་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གྱི་གཟུགས་བརྙན་འབུར་དུ་ཐོན་པར་བྱེད་དགོས། ཕྱོགས་མང་པོ་དང་ཁྱོན་ཡོངས་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་རང་བཞིན་དང་། ཤིན་ཅང་དང་ནང་སའི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་མཚོན་པའི་སྐད་ཆའི་མ་ལག་དང་གཞི་རྟེན་ནུས་ལྡན་བསྐྲུན་ནས། ཀྲུང་ཧྭའི་རིག་གནས་དེ་དངོས་པོ་དང་། དངོས་ལྗོངས། དོན་དངོས་བཅས་བརྒྱུད་གང་ལེགས་མངོན་ཐུབ་པ་དང་མི་སེམས་ལ་ཟུག་པར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཆང་བའི་མོས་སེམས་ཟབ་ཏུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས། འཕེལ་རྒྱས་དང་བརྟན་ལྷིང་དང་། འཕེལ་རྒྱས་དང་དམངས་འཚོ། འཕེལ་རྒྱས་དང་མི་སེམས་བཅས་དབར་གྱི་འབྲེལ་བ་ཟབ་མོ་ཤེས་རྟོགས་གཏིང་ཟབ་བྱས་ནས་འཕེལ་རྒྱས་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་པ་འདོགས་རྒྱུ་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ལས་ཞུགས་བསྡུ་ལེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། གྲོང་གསེབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོར་སྲུང་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་བསྐྲུན་ཏེ། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས། ཤིན་ཅང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཏང་ཡོངས་ཀྱིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཤིན་ཅང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁ་གཏད་ཤིན་སྐྱོར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཁ་གཏད་ཤིན་སྐྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤིན་ཅང་གི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད། 

 

ཟླ་7ཚེས་12ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་13ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་བརྒྱད་པའི་ཧྲི་ཧོ་ཙི་གྲོང་ཁྱེར་གྱི་ཤིན་ཅང་པིང་ཐོན་དམག་སྦོལ་རྟེན་རྫས་བཤམས་མཛོད་ཁང་དུ་པིང་ཐོན་གྱི་མི་རབས་རྒན་དར་གཞོན་གསུམ་གྱི་འཛུགས་སྐྲུན་པའི་འཐུས་མིར་མཇལ་འཕྲད་གནང་བ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1