ཡུག་རེན་གྱི་མི་མེད་གནམ་གྲུས་ཉིང་རྡུལ་གློག་ཁང་འདི་ལ་འཇབ་རྒོལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22



     ཨུ་རུ་སུའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་ཡུག་དམག་གི་མི་མེད་གནམ་གྲུས་ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་ལ་འཇབ་རྒོལ་བྱས་ཡོད་བརྗོད། 

     ཀྲ་པོ་ལུའོ་རེ་ཀྲོའུ་དམག་དམངས་སྲིད་འཛིན་སྒྲིག་གཞིའི་སྤྱི་ཁྱབ་ཨུ་ལྷན་གྱི་ཁོངས་མི་ཧྥུའུ་ལ་ཅི་སྨིར·ལུའོ་ཀེ་ཕུའུ་ཡིས། ཡུག་དམག་གི་རང་སྲོག་གཅོད་པའི་རྣམ་པའི་མི་མེད་གནམ་གྲུ་གསུམ་གྱིས་ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་གནས་སའི་ས་ཁོངས་ལ་འཇབ་རྒོལ་བྱས་ཡོད། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། མི་མེད་གནམ་གྲུའི་ཐོག་གི་རྫས་མདེལ་གྱི་ཟིལ་ཤུགས་དེ་TNTསྤྱི་རྒྱ་ཁ་ཤས་ཀྱི་ཚད་ཡིན་པ་རེད། 

    ས་གནས་དེ་གའི་སྲིད་གཞུང་གིས་ཉིང་རྡུལ་གློག་ཁང་གི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཁག་གཅིག་ལ་མི་མེད་གནམ་གྲུའི་རྡུང་རྡེག་ཕོག་མེད་ཅེས་བཤད་པ་རེད། མིག་སྔར། ཡུག་རེན་ཕྱོགས་ཀྱིས་དེའི་ཐད་ལན་བརྒྱབ་མེད། 

 གཞན་ཡང་། ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་གོང་ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་ལ་ཟླ་7ཚེས་18ཉིན་མི་མེད་གནམ་གྲུས་ཕར་རྒོལ་བྱས་པར་ལས་དོན་མི་སྣ་11ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

 ཀྲ་པོ་ལུའོ་རེ་ཉིང་རྡུལ་གློག་ཁང་དེ་ཡུག་རེན་ཀྲ་པོ་ལུའོ་ཡེ་ཀྲོའུ་ཨའེ་ཉེའར་ཀེ་ཏར་གྲོང་ཁྱེར་དུ་གནས་པ་དང་། དེ་ནི་ཡོ་རོབ་ཀྱི་ཉིང་རྡུལ་གློག་ཁང་ཆེ་ཤོས་ཡིན་པ་དང་། གློག་གཏོང་ཚད་ནི་ཡུག་རེན་གྱི་ཉིང་རྡུལ་ནུས་པའི་གློག་གཏོང་ཚད་བསྡོམས་འབོར་གྱི་25%བཟུང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1