ལྗོངས་སྐོར་ལྟེ་གནས་སུ་གྱུར་བའི་ཞང་ཞུང་ལྷ་སྡེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-22


 

     ཞང་ཞུང་ལྷ་སྡེ་ལ་ཞང་ཞུང་གྲོང་གསར་ཀྱང་འབོད། ས་གནས་དེ་གའི་མི་རྣམས་ཀྱིས་གདོང་པ་ག་ཞེས་འབོད། ནང་དོན་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཞེས་པའི་དོན། གྲོང་སྡེ་དེ་ནི་ས་སྟོད་སྡེ་བའི་ལྷོ་རྒྱུད་དུ་གནས་ཤིང་། རྫོང་མཁར་དང་སྤྱི་ལེ་བཅོ་བརྒྱད་ཀྱི་མཚམས་དང་གྲོང་རྡལ་སྲིད་གཞུང་གི་སྤྱི་ལེ་དྲུག་གི་མཚམས་སུ་ཡོད། མཚོ་ངོགས་ལས་སྨིད2680དང་། གླིང་ཚང་གྲོང་སྡེའི་ཚོན་ནགས་ཡུལ་སྐོར་ལྟེ་གནས་ཀྱི་ལྟེ་སྙིང་གི་མཚམས་སུ་ཡོད། གྲོང་སྡེ་ཡོངས་ལ་དུད་ཁྱིམ་45དང་མི་196ཡོད། མིག་སྔར་དུད་ཁྱིམ་38ཀྱིས་ཕྱིའི་མགྲོན་པོ་སྣེ་ལེན་བྱེད་ཅིང་། མགྲོན་ཁང་240དང་མལ་ཁྲི་420ལྷག་ཡོད། དུས་གཅིག་ཏུ་ལྗོངས་སྐོར་བ་300ལས་བརྒལ་བ་སྣེ་ལེན་བྱེད་ཐུབ།

 


     སྔོན་ཆད། ཞང་ཞུང་ལྷ་སྡེ་ནི་མཚོ་ངོས་ལས་མཐོ་ཚད་རྨི་3000ལས་བརྒལ་བའི་རི་སྐེད་དུ་ཆགས་ཡོད་ཅིང་། རང་བྱུང་ཐོན་ཁུངས་ཉུང་བ་དང་ས་ཞིང་དཀོན་པ། གྲོང་སྡེའི་ཁྱིམ་ཚང་ཚང་མ་ཁ་འཐོར་ནས་བསྡད་ཡོད་ལ། ཅ་ལག་དང་དངོས་པོ། ཡོ་བྱད་ཡོད་དོ་མིས་ཁུར་རྟ་ལ་བཀལ་ནས་འཚོ་བར་རོལ་ནས་བསྡད་ཡོད། གྲོང་མི་རྣམས་ཀྱི་ཡོང་འབབ་གཙོ་བོ་ནི་ཕྱི་རུ་ལས་ཀ་སོང་བའི་གླ་ཕོག་དང་སྲོལ་རྒྱུན་འདེབས་འཛུགས་ལས་རིགས་ལ་བརྟེན་ཡོད། 2008ལོའི་5.12ཀྱི་ས་འགུལ་ལྷ་སྡེའི་ཁང་རྙིང་མང་བོར་གནོད་སྐྱོན་ཚབས་ཆེན་ཐེབས། 2012ལོར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གྲོང་སྡེ་འདི་གནས་སྤོར་ཐུབ་པ། གཏན་འཇགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་སོགས་ཀྱི་བསམ་བློའི་ལྟ་དགོངས་ལྟར། མང་ཚོགས་རང་གིས་བསྡུ་སྒྲུག་དང་སྲིད་གཞུང་གིས་རོགས་སྐྱོར་གཉིས་མཉམ་སྒྲིལ་བྱས་ཏེ་མ་དངུལ་ཁྲི་4800ལྷག་འདུས་ཏེ། གནས་སྤེལ་གྱི་ལས་ཀ་ལག་བསྟར་དོན་འཁྱོལ་བྱས།

 


     གཅིག་ཏུ་ས་ཁམས་ཀྱི་ལེགས་ཆས་གྲོང་སྡེ་ཡོངས་གནས་སྤོར་ཐུབ་ཅིང་། གཉིས་སུ་ལྟ་ན་སྡུག་པའི་ལེགས་ཆས་གྲོང་སྡེའི་ལྗོངས་སྐོར་འཕེལ་རྒྱས་བྱུང་། གསུམ་དུ་ཕྱོགས་འདུས་ནུས་སྟོབས་མཉམ་སྒྲིལ་བྱས་པས་འབྱོར་འབྲིང་ཅན་དུ་འཕེལ་བ་ཡིན། ཁོང་ཚོས་མ་དངུལ་འབོར་ཆེན་བཏང་ནས་གྲོང་སྡེའི་ལྗོངས་སྐོར་ལྟེ་གནས་སྤེལ་བ་མ་ཟད། ཟས་རིགས་སྲང་ལམ། རང་བྱུང་ཆེད་ཚོང་ཁང་། སྣེ་ལེན་ལྟེ་གནས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། ཀྲི་པུའུ+ཀུང་སི+ཞིང་བ་ཡི་དཔལ་འབྱོར་དོ་དམ་དཔེ་གཞི་འཛུགས་སྐྲུན་བྱས། 2015ལོར་མ་དངུལ་ཁྲི་432བཏང་སྟེ་ཞང་ཞུང་ལྷ་སྡེའི་ལྗོངས་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཏེ་ཚུགས། ཀུང་སིར་དེ་མི་48ཀྱིས་གྲུབ་ཡོད་ཅིང་འབྱོར་མེད་ཁྱིམ་ཚང་དང་མཐར་གནས་ཁྱིམ་ཚང་དྲུག་གི་མི་49ལས་ཞུགས་མིང་ཐོ་སྤྲད་དེ་ཕྱུག་འབྱོར་དུ་བསྐུལ། ཞང་ཞུང་ལྷ་སྡེའི་ཐོག་མའི་ཁྱིམ་དུད་5ནས་38ལ་འཕར་ཞིང་། མགྲོན་ཁང་ལ་ཁྲ་ཚོན་ནགས་ཚལ་དང་ཁྱད་པར་ཅན། བརྗོད་གཞི་ཅན། ཁྱད་འཕགས་ཅན་སོགས་རིགས་དྲུག་ཡོད་ཅིང་། མེ་ཐོན་དང་འདར་དབྱངས། ཤེ་ཁྲིན། གང་དུ་འགྱོ། ཧྥེ་ཀྲུའུ་སོགས་ཀྱི་དྲ་ཐོག་བརྒྱུད་དེ་ཉོ་སྒྲུབ་བྱེད་པ་དང་། ཁང་བ་ལ་ཁང་ཆེན་དང་མལ་ཁྲི་ཆེན་པོ་ཅན། མལ་ཁྲི་གཉིས་ཅན། མལ་ཁྲི་གསུམ་ཅན་སོགས་ཡོད་ཅིང་། ལྗོངས་སྐོར་བ་མང་བའི་སྐབས་སུ་ཁང་བ་རེ་ལ་སྒོར་500་ནས1700བར་ཡིན།

 


     2014ལོར་ཞང་ཞུང་ལྷ་སྡེའི་མི་རེའི་ཡོང་འབབ་གཙང་མ་སྒོར7137ཡིན།    

     2014ལོར་དབུལ་བོའི་མི་རེའི་ཡོང་འབབ་གཙང་མ་སྒོར2146.89དང་།


     2015ལོར་གྲོང་སྡེ་སྒོ་འབྱེད་བྱས་རྗེས། སྣེ་ལེན་སྐུ་མགྲོན་ཁྲི་80ལས་བརྒལ་ཞིང་། ལྗོངས་སྐོར་ཡོང་འབབ་སྒོར་ཁྲི་1515བརྒལ་བ་མངོན་འགྱུར་བྱས་ཏེ། དུད་ཁྱིམ་45སྣེ་ཁྲིད་དེ་ཡོང་འབབ་འཕར་ཡོད། 2020ལོར་མི་རེའི་ཆ་སྙོམས་བགོས་སྐལ་སྒོར་20000ལས་བརྒལ་ཡོད། 2021ལོར་གྲོང་སྡེ་ཡོངས་ཀྱི་ལྗོངས་སྐོར་སྤྱིའི་ཡོང་འབབ་སྒོར་ཁྲི་638ལ་སླེབས་ཡོད། གྲོང་སྡེ་ཡོངས་ཀྱི་འཚོ་བ་ལེགས་ཤིང་རང་བྱུང་བག་འདུག་གི་ཁོར་ཡུག་བསྐྲུན།


     2020ལོར་ཞང་ཞུང་ལྷ་སྡེ་རྒྱལ་ཁབ་རིམ་པའི་AAAཅན་གྱི་ལྗོངས་སྐོར་ལྗོངས་རྣམ་ལེགས་པར་གྲུབ་ཅིང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་མ་དཔེ་གྲོང་སྡེ་རུ་བསྐྲུན། སྔ་རྗེས་སུ་རྒྱལ་ཡོངས་གྲོང་གསེབ་ལྗོངས་སྐོར་གཙོ་གནད་གྲོང་སྡེའི་གཟེངས་རྟགས་དང་སི་ཁྲོན་ཁྱད་འཕགས་གྲོང་སྡེ་གྲགས་ཅན་བརྒྱའི་གྲས་སུ་ཚུད་ཅིང་། སི་ཁྲོན་ཞིང་ཆེན་རབ་བཞིའི་རང་བྱུང་བག་འདུག་གྲོང་སྡེ། སི་ཁྲོན་གྱི་ཆེས་རེ་སྒུག་གི་རིན་ཐང་ལྡན་པའི་ལྗོངས་སྐོར་དམིགས་ཚད་ས་གནས། སྐར་ལྔའི་གྲོང་སྡེ་མགྲོན་ཁང་སོགས་ཀྱི་མཚན་སྙན་ཐོབ།

 


     2019ལོར། ཞང་ཞུང་གྲོང་སྡེའི་རྒྱུན་མཐུད་དུ་ལྗོངས་སྐོར་ལས་གཞི་གསར་གཏོད་བྱས་པ་བརྒྱུད། སྔོན་གྱི་རི་མཐོ་རྫ་སྐེད་ཀྱི་ཁང་རྙིང་དག་བེད་སྤྱོད་དེ་སྒ་ཨར་གཞིས་ཀ་བཙུགས་ཤིང་། ཀྲུང་གོའི་ཆེས་ཆེ་བའི་ཇ་ཉར་དམངས་སྡོད་ས་ཚིགས་ཤིག་ཡིན། དམངས་སྡོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨིན་200དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ་11000ལྷག་ཡོད། 2021ལོའི་ཟླ་5བ་ནས་སྒོ་འབྱེད་བྱས། དེའི་ནང་གི་ཞབས་ཞུ་བ་གསུམ་ཆ་གཉིས་ནི་ས་དེའི་མི་རྣམས་ཡིན་པ་དང་། མི་སེར་30ལྷག་གི་ལས་ཞུགས་མངོན་འགྱུར་བྱུང་ཡོད། གནས་དེའི་ཁྱད་ཐོན་གཙོ་བོ་བོད་ཇ་བྱས་ཏེ། བོད་ཀྱི་རིག་གནས་ཐོན་རྫས་འདོན་སྤེལ་གཙོ་བོ་བྱེད་ཅིང་། གོམ་གང་མདུན་སྤོས་ཀྱིས་ཡུལ་གྲོང་ལྗོངས་སྐོར་འཕེལ་རྒྱས་དང་། ས་གནས་དེའི་དཔལ་འབྱོར་འཕེལ་རྒྱས་རོགས་འདེགས་རྒྱ་ཆེན་བྱེད་ཀྱིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1