གཟི་ཚྭ་སྡེ་དགུའི་གྱོང་འཁྱག་གྲོང་ཚོའི་མཛེས་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-26


 

        འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་གནས་ཏེ་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་དང་ཉེ་བར་བཅར་བའི་གྱོང་འཁྱག་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་གཟི་ཚྭ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་གྱི་དཔེ་མཚོན་རང་བཞིན་གྱི་རི་ཕྱེད་དུ་ཆགས་པའི་བོད་རིགས་གྲོང་ཚོ་ཞིག་ཡིན། གྱོང་འཁྱག་གྲོང་ཚོ་ནི་སྔོན་ཆད་གྲོང་ཚོ་དབུལ་བོ་ཞིག་ཡིན། གྲོང་ཚོའི་ནང་གི་གཞོན་ནུ་དང་དར་མ་མང་ཆེ་བ་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཞབས་ཞུའི་ལས་ཀར་ཞུགས་པ་དང་། གྲོང་ཚོ་ནང་དུ་ལུས་པའི་རྒན་རྒོན་དང་བུད་མེད་ཚོས་གཙོ་བོ་ཞིང་ལས་དང་ཕྱུགས་ལས་གཉེར་བཞིན་ཡོད། 2014ལོར་ས་གནས་སྲིད་གཞུང་གིས་ཁེ་ལས་ནང་འདྲེན་བྱས་ཏེ་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འོག་སྲུང་སྐྱོབ་ལྡན་པར་གསར་སྤེལ་བྱས་པ་བརྒྱུད། ས་གནས་མང་ཚོགས་རྣམས་ཡུལ་སྐོར་གསར་སྤེལ་ཁྲོད་ཞུགས་ནས་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བྱུང་།  

  

        མིག་སྔར། གྱོང་འཁྱག་གྲོང་ཚོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། ཡུལ་སྐོར་གྱི་མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་བརྒྱུད་ནས་ཡུལ་སྐོར་གྱི་རྣམ་གྲངས་སོ་སོ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བཞིན་ཡོད་པས། ཡུལ་སྐོར་བ་དག་ནི་གཟི་ཚ་སྡེ་དགུའི་རི་ཆུའི་མཛེས་ལྗོངས་ཁོ་ན་ལ་ཞན་ཆགས་པ་མིན་པར་མཐོ་སྒང་གི་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་མྱོང་རོལ་བྱེད་པར་དམིགས་པ་ཡིན།  

  

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1