ལོ་སྟོད་དུ་དཀར་མཛེས་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-26


        སྤྱི་ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི2022ལོའི་ལོ་སྟོད་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དུས་བབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་བསྡོམས་རྩིས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན། གསར་འགྱུར་མགྲིན་ཚབ་པ་དབྱང་ཧྭ་པིན་གྱིས་ས་ཁུལ་ཐོན་སྐྱེད་རིམ་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2022ལོའི་ལོ་སྟོད་དུ་ཁུལ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར192.44ལ་ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ4.6འཕར་བ་རེད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར12.01ལ་ཟིན་ནས་བརྒྱ་ཆ407འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར52.15ལ་ཟིན་ནས་བརྒྱ་ཆ14.1འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར128.28ལ་ཟིན་ནས་བརྒྱ་ཆ1.4འཕར་ཡོད་ཅེས་བཤད་པ་རེད།

        ད་ལོའི་ལོ་སྟོད་དུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་ཕྱོགས་ལ་གཙོ་བོ་ཁྱད་ཆོས་ཆེན་པོ་བདུན་མངོན་པ་སྟེ།

        གཅིག་ནི་ཞིང་ལས་ཐོན་སྐྱེད་བརྟན་པོ་ཡོང་བ་དང་དཔལ་འབྱོར་ལོ་ཏོག་འཕར་ཆག་ཡང་བྱུང་ཡོད། གཉིས་ནི་བཟོ་ལས་དཔལ་འབྱོར་གྱི་འདེགས་སྐྱོར་ཤུགས་ཆེན་ཡོད་པ་དང་ནུས་ཁུངས་གཙང་མའི་བྱས་རྗེས་འབུལ་ཚད་མངོན་གསལ་དོད་པོ་ཡིན་པ། གསུམ་ནི་ཞབས་ཞུའི་ལས་རིགས་ཀྱི་གནོན་ཤུགས་ཐེག་ཚད་འཕར་བ་དང་ལས་རིགས་གཙོ་བོ་བཞི་འཕར་གཉིས་ཆག་བྱུང་ཡོད། བཞི་ནི་མ་དངུལ་འཇོག་ཤུགས་ཆེ་རུ་སོང་ཞིང་ཐོན་ལས་གསུམ་པ་འཕེལ་ཕྱོགས་བརྟན་ཞིང་ལེགས་སུ་ཕྱིན་ཡོད། ལྔ་ནི་འཛད་སྤྱོད་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་བ་དང་འཛད་སྤྱོད་ཡར་ལ་འཕར་ཡོད། དྲུག་ནི་ནོར་སྲིད་ཡོང་འབབ་རྒྱུན་མཐུད་ངང་འཕར་ནས་ཁྲལ་བསྡུའི་ཡོང་འབབ་ཅུང་ཆག་ཡོད། བདུན་ནི་དངུལ་རྩའི་ལས་རིགས་འཁོར་སྐྱོད་བརྟན་པོ་བྱུང་བ་དང་། བཅོལ་དངུལ་དང་བུན་དངུལ་ལྷག་གྲངས་འཕར་སྣོན་བརྟན་པོ་བྱུང་ཡོད་པ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1