ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-27


  

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་། བོད་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་སྐྱོར་ཤུགས་ཆེན་འོག་ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ཤིང་འཛུགས་ནགས་བཟོའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། རྣམ་གྲངས་དེར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.4བཏང་ནས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3.6བྱས་པ་དང་། དཔེ་སྟོན་ཁུལ་ནང་ལྕང་སོན་སྣ་ཚོགས་རྐང་ཁྲི་290ཙམ་བཏབ་པ་དང་གསོན་ཚད་95%ཟིན་ནས་ནགས་ཚལ་ཡུག་སྦྲེལ་དང་། ཞིང་ཁ་གྲུ་བཞི། ལམ་དྲ། ཆུ་ཡུར་ཕན་ཚུན་འབྲེལ་བ་བཅས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། འདི་ནི་གནམ་གྲུ་ནས་པར་བླངས་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་རྫོང་སྐྱེ་ཁམས་གླིང་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1