ལི་ཐང་གི་བེ་ཤ་ཁྲོམ་རར་བྲིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-02


  

        ཟླ7པའི་ཚེས28ཉིན་གྱི་དགོང་མོའི་ཆུ་ཚོད10པར་ལི་ཐང་རྫོང་གི318བེ་ཤ་ཉོ་ཚོང་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་འདུག །གནས་དེ་རུ་བེ་ཤ་གསར་པས་ཉོ་མཁན་མི་ཚོགས་མང་པོའི་ཡིད་དབང་རབ་ཏུ་འཕྲོག ། 

  

        ལི་ཐང་རྫོང་གི་ཆ་སྙོམས་ས་བབ་སྨི་4300ལྷག་ཟིན་པ་དང་། ཐུན་མོང་མ་ཡིན་པའི་ས་ཁམས་ཆ་རྐྱེན་གྱིས་ལི་ཐང་གི་བེ་ཤའི་ཁ་མདོག་མངོན་གསལ་ཡིན་པ་དང་། བེ་ཤའི་ཁ་ལོ་ཁམ་མདོག་དང་ཡལ་ག་དཀར་པོ་ཡིན་པར་མ་ཟད། ཚང་མར་ཚི་སྣའི་དབྱིབས་ཅན་གྱི་འཇམ་སྤུ་ཁྲབ་ལེབ་སྐྱེས་ཡོད། གཞན་ཡང་། བེ་ཤའི་ཤ་དཀར་ཞིང་རྒྱགས་པ་ཡིན་པས་སྤུས་ཀ་ཧ་ཅང་བཟང་ལ་དམིགས་བསལ་གྱི་དྲི་ཞིམ་ཟབ་མོ་ལྡན།  བེ་ཤ་འབོར་ཆེན་གནས་འདིར་ཉོ་ཚོང་བྱས་རྗེས་ཁྱིམ་ཚང་ཁྲི་སྟོང་མང་པོའི་གསོལ་ཅོག་ཐོག་བཤམས་ཐུབ་པར་མ་ཟད། ད་དུང་རི་སྐྱེས་ཤ་མོ་གཞན་གྱིས་ཀྱང་ཉོ་མཁན་ཚོའི་ཡིད་དབང་བཀུག་ཡོད། 

 

        གནམ་གཤིས་ཀྱི་རྐྱེན་དང་དེ་སྔོན་ཆར་ཆུ་མ་འདང་བའི་དབང་གིས་ལི་ཐང་གི་བེ་ཤ་ཕྱིར་འཚོང་གི་དུས་ཚོད་ཉེ་འཁོར་གྱི་རྫོང་ལས་ཅུང་འཕྱི་ཞིང་། “ན་ནིང་ཉིན་གཅིག་ལ་སྤྱི་རྒྱ་500ཙམ་ཉོ་སྒྲུབ་བྱས་པ་དང་། ད་ལོ་སྤྱི་རྒྱ་300ནས་400བར་ལས་མེད་པས་ཐོན་ཚད་དམའ་རུ་ཕྱིན་ཡང་རིན་གོང་ཇེ་མཐོར་སོང་ནས་རྒྱ་མ་རེར་སྒོར་180ནས་190བར་ཡིན་པ་དང་། ཅུང་ཙམ་ལེགས་ན་རྒྱ་མ་རེར་སྒོར་200ལྷག་ཟིན་ཡོད་པས། ལོ་རེར་སྒོར་ཁྲི་བཅུ་ལྷག་གི་ཡོང་འབབ་ཡོད”ཅེས་ལི་ཐང་རྫོང་འཛོམ་པ་ཡུལ་ཚོའི་ཚོང་པ་ཆོས་འཕེལ་གྱིས་ངོ་སྤྲོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1