《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-02




ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་བཀོད་པ། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།

        རྩོམ་ཡིག་ནང་ནན་བཤད་བྱས་དོན། མི་དམངས་དམག་དཔུང་གི་ལོ་རྒྱུས་འོད་སྟོང་ནི་ཁྲག་དྲོན་དང་ཚེ་སྲོག་གིས་བཏོད་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་བློ་ལ་ངེས་དགོས་པ་ཞིག་རེད། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་ནི་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་ནམ་ཡང་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་འཕེལ་རྒྱས་ནི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པ་ལ་བརྟེན་ནས་སྐུལ་འདེད་བཏང་བ་ཞིག་ཡིན་པས་ང་ཚོ་ནམ་ཡང་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་དཀའ་ཚེགས་ཆེན་པོས་བསྐྱོད་པ་དང་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་ནི་དཔའ་བོའི་མི་དམངས་དམག་དཔུང་ལ་བརྟེན་ནས་བྱུང་བ་ཞིག་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་ཀྲུང་གོ་མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་པར་ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་འཛུགས་སྐྱོང་བྱེད་དགོས།

        རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། 1927ལོའི་ཟླ་8ཚེས་1ཉིན། ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས་རང་རེའི་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་འགོ་ཚུགས་ཡོད། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་འབྱུང་ཐབས་དང་བདེ་སྐྱིད་ཡོང་ཐབས་བྱེད་པའི་ནང་དཔའ་ངར་ཆེར་པོས་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དམ་པོར་སྦྲེལ་ཡོད། ལོ་ངོ་90ཡི་རིང་། མི་དམངས་དམག་དཔུང་གིས་མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་དམག་འཐབ་ནང་དཀའ་ངལ་ཁྱད་བསད་ཀྱིས་བློས་ཆེན་པོ་བཏང་བས་གཟི་བརྗིད་ལྡན་པའི་རྒྱལ་ཁ་ཡང་ཡང་ཐོབ་ནས་ཏང་དང་མི་དམངས་ཆེད་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།

        རྩོམ་ཡིག་ནང་མཛུབ་སྟོན་གནང་དོན། དུས་ཡུན་རིང་པོའི་ལག་ལེན་ནང་ཏང་དར་འོག་མི་དམངས་དམག་དཔུང་གིས་མདུན་སྐྱོད་བྱས་ནས་དམག་འཛུགས་དམག་སྐྱོང་གི་རྩ་དོན་ཆ་ཚང་ཞིག་ཆགས་ནས་མི་དམངས་དམག་འཁྲུག་གི་འཐབ་ཇུས་འཐབ་རྩལ་འཕེལ་རྒྱས་ཕྱིན་པ་དང་དམིགས་བསལ་དུ་ཡོད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་ཐུབ་ཡོད། མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྟོབས་ཤུགས་རླབས་པོ་ཆེ་དང་། ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་རླབས་པོ་ཆེ། སྒྱུར་བཅོས་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ། དམག་འཐབ་སྙིང་སྟོབས་ཀྱི་སྟོབས་ཤུགས་རླབས་པོ་ཆེ། གསར་བརྗེའི་སྒྲིག་ཁྲིམས་ཀྱི་སྟོབས་ཤུགས་རླབས་པོ་ཆེ། དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་བཅས་གསལ་པོར་མངོན་ཡོད། ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། དེ་ནི་རང་རེའི་ཏང་གིས་ཁྲག་དྲོན་དང་མེ་ལྕེའི་འཐབ་རྩོད་ནང་ནས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ཡིན་པ་དང་། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་གིས་ཞུམ་མེད་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཤིག་ཡིན་པ། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་ནི་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་ཡིན་པ། དམག་འཐབ་ནི་དངོས་པོའི་འགྲན་བསྡུར་ཞིག་རེད་ལ་བསམ་པའི་འགྲན་བསྡུར་ཞིག་དེ་བས་ཀྱང་ཡིན་པ། སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ཚེ་གསར་བརྗེར་རྒྱལ་ཁ་མི་ཐོབ་པ་མི་སྲིད་པ། དམངས་སེམས་ཕྱོགས་ས་དང་། དམངས་འདོད་གཏོགས་ས། དམངས་སྟོབས་སྒྲིལ་ས་བཅས་ཡོད་ཚེ་མི་དམངས་དམག་དཔུང་འདི་ཉིད་ལ་རྒྱལ་ཁ་མི་ཐོབ་པ་མེད་ལ་གནམ་འོག་ཏུ་འགྲན་ཟླ་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་སྟོན་བྱས་ཡོད།

        རྩོམ་ཡིག་ནང་མཛུབ་སྟོན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་གི་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་བཏོན་ནས་དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་མཛུབ་ཁྲིད་གསར་གཏོད་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་མཛད་ཇུས་བཟོ་བ་བཅས་བྱས་པས། མི་དམངས་དམག་དཔུང་ལ་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་སྐྲུན་དང་། རྩ་འཛུགས་ཀྱི་རྣམ་པ་བསྐྱར་འཛུགས། སྟོབས་ཤུགས་ཀྱི་མ་ལག་བསྐྱར་འཛུགས། སྤྱོད་ཚུལ་གྱི་གཟུགས་བརྙན་བསྐྱར་འཛུགས་བཅས་མངོན་འགྱུར་བྱུང་བ་དང་། མི་དམངས་དམག་དཔུང་གིས་གྲ་སྒྲིག་ཨང་བསར་བྱས་ནས་སླར་ཡང་རྡོག་ཐོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད།  དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་ཏང་གི་དམག་དོན་ཁྲིད་སྟོན་གྱི་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམག་གྲབས་དང་དམག་རྒྱག་ལ་དམིགས་ཏེ་སྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་བཅས་ཀྱི་དམག་ཧྲག་ལུའེ་ཤོག་གསོ་སྐྱོང་བྱེད་དགོས། ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ངེས་པར་དུ་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམག་དམངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་གཏོད་དགོས། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་དང་། མི་དམངས་ཀྱིས་བརྩི་འཇོག མི་དམངས་ཀྱིས་དགའ་ཞེན་བཅས་བྱེད་པའི་བུ་ཕྲུག་དམག་ཅིག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1