ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-02


རྒྱལ་སྲུང་པུས་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ཏེ། 

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ། 


 

ཟླ་7ཚེས་31ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྣེ་ལེན་ཚོགས་འདུར་ཞུགས་པ། 


        འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུས་མི་དམངས་ཚོགས་ཁང་ཆེ་མོར་སྣེ་ལེན་ཚོགས་འདུ་གཟབ་རྒྱས་འཚོགས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།

        མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་ཆེན་གྱི་རྣམ་པས་ཁེངས། ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་གྱི་དབུས་སུ་བརྗིད་ཉམས་ཆེ་བའི“བརྒྱད་གཅིག”དམག་རྟགས་བཀལ་ཞིང་། “1927ལོ་ནས་2022ལོ་བར”ཞེས་པའི་ཨང་ཀི་ཆེན་པོ་ལས་གྲུབ་པའི་ལོ་རྟགས་དེ་དར་དམར་གྱི་སྤེལ་ཟླའི་འོག་ཧ་ཅང་མངོན་གསལ་དོད། དེ་ལས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བསྐྱོད་པའི་ལོ་ངོ་95ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་མཚོན་གྱི་ཡོད།

        ཆུ་ཚོད་18ཡོལ་ཙམ་ལ། 《མགྲོན་བསུའི་རོལ་དབྱངས》ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཚོམས་ཆེན་དུ་ཀྲུང་ཕྱིའི་སྐུ་མགྲོན་དང་མཉམ་འཛོམས་གནང་བར་ཕེབས་པར། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

        སྣེ་ལེན་ཚོགས་འདུ་འགོ་ཚུགས་མ་ཐག ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝུའེ་ཧྥེང་ཧོ་ཡིས་ཤིས་ཚིག་བསྒྲོན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཝུའེ་ཧྥེང་ཧོ་ཡིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་ཐོག་མི་སྣ། གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། དུས་སྐབས་ཁག་ཏུ་མི་དམངས་དམག་དཔུང་འཛུགས་སྐྱོང་ལ་ལེགས་སྐྱེས་ཕུལ་མཁན་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ། “བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་བློ་མཐུན་དང་། དམག་ཡོངས་ཀྱི་དཔའ་བོ་དཔེ་བཟང་གི་འཐུས་མི། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་འཐུས་མི། རྒྱལ་ཡོངས་ཀྱི་དཔེ་བཟང་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་འཐུས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་འབད་འཐབ་བྱེད་མཁན་བློ་མཐུན་ལ་ལྷག་བསམ་ཟོལ་མེད་འཚམས་འདྲི་གནང་བ། དུས་ཡུན་རིང་པོའི་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་མཁན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། མི་དམངས་ཚོགས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། སྣེ་ལེན་ཚོགས་འདུར་ཞུགས་མཁན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་དྲག་དཔོན་དང་དེ་བཞིན་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

        ཝུའེ་ཧྥེང་ཧོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པའི་མི་དམངས་དམག་དཔུང་ཞིག་རེད། ལོ་ངོ་95ཡི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དཔའ་བོའི་མི་དམངས་དམག་དཔུང་གིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག་བཅས་ཀྱི་ཆེད་ཉམས་པ་མེད་པའི་བྱས་རྗེས་བཞག་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་འདེགས་སྐྱོར་ཆེན་པོ་བྱས་པ། འཛམ་གླིང་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

        ཝུའེ་ཧྥེང་ཧོ་ཡིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་དམག་ཡོངས་ཀྱིས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་བ། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་མཚུངས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འཚམ་པའི་རྒྱལ་སྲུང་སྲ་བརྟན་དང་མི་དམངས་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་བ་རེད།

        དགའ་སྟོན་རྟེན་འབྲེལ་གྱི་རོལ་དབྱངས་ཁྲོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་བཞེས་རག་པེ་ཙི་མཐོན་པོར་བཀྱག་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་དཔུང་དབར་གྱི་མཛའ་གྲོགས་འབྲེལ་བ་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཞུས་པ་རེད།

        པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། ཏང་དང་། རྒྱལ་ཁབ། དེ་བཞིན་ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་ཀྱི་གོ་གནས་བཞེས་མྱོང་བའི་དམག་དཔུང་གི་བློ་མཐུན་རྒན་གྲས་སོགས་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།

        སྣེ་ལེན་ཚོགས་འདུར་ཞུགས་མཁན་གྲས་སུ་ད་དུང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། པེ་ཅིང་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་ཚན་པ་ཆེ་གྲས་ཁག དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་འཁུར་བློ་མཐུན། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི།“བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་། དམག་ཡོངས་ཀྱི་དཔའ་བོ་དཔེ་བཟང་། རྒྱལ་སའི་ཡུལ་དམག སྔོན་གཤེགས་དཔའ་བོའི་ནང་མི། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་བ། གོ་མིན་ཏང་གི་དེ་སྔའི་འོས་ལངས་མི་སྣའི་འཐུས་མི། དེ་བཞིན་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་དྲག་དཔོན་སོགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1