མངའ་རིས་ཀྱི་དབྱར་ཁ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-05


 

     དབྱར་དུས་སུ“ལྷ་རི”ཞེས་འབོད་པའི་གངས་རིན་པོ་ཆེ་དང“ལྷ་མཚོ”ཞེས་འབོད་པའི་མ་ཕམ་གཡུ་མཚོ་ལ་སྐྱེ་སྟོབས་དཔལ་གྱིས་ཁེངས་ཡོད། གངས་རིན་པོ་ཆེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པ་དང་། གངས་ཏི་སེའི་རི་རྒྱུད་ཀྱི་རི་བོ་གཙོ་བོ་ཡིན། རི་རྒྱུད་དུ་ལོ་ཧྲིལ་བོར་གངས་ཀྱིས་གཡོག་ཡོད་པས་མཛེས་ཤིང་བརྗིད་ཉམས་ལྡན་པ་ཞིག་རེད། མ་ཕམ་གཡུ་མཚོ་དང་། གནམ་མཚོ། ཡར་འབྲོག་གཡུ་མཚོ་བཅས་ལ་བོད་ཀྱི“ལྷ་མཚོ་གསུམ”ཞེས་བརྗོད་ཀྱི་ཡོད། 

  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1