དོན་དངོས་སུ་བཤད་ན། སྣེ་དང་པོ་དང་སྣེ་གཉིས་པ་ཞེས་པ་མེད་པ་དང་། ཡོད་པ་ནི་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་ཞེས་པ་གཉིས་ཡིན།
སྣེ་གསུམ་པ་ཞེས་པ་འདི་ལ། ཐོག་མར་ནམ་ཟླའི་ཁོར་ཡུག་གི་ཁྱད་ཆོས་ཀྱི་ཆ་ནས། གྲང་ངར་ཆེ་སྟབས། “མཐོ་སྣེ”ཞེས་ཟེར་དགོས་ཤིང་། དེ་ནི་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་གཉིས་དང་མི་འདྲ་བར། འཛམ་གླིང་གི་འཕྲེད་ཐིག་འབྲིང་དམའ་ས་ཁུལ་གྱི་འཁྱགས་ཀླུང་ཆེས་མང་བའི་ས་ཁུལ་ཞིག་ཡིན།
སྣེ་གསུམ་པ་ནི་འཛམ་གླིང་གི་ཆེས་མཐོ་བའི་མཐོ་སྒང་ཡིན་ཞིང་། དེས་ཉེ་འཁོར་གྱི་ནམ་ཟླའི་ཁོར་ཡུག་ལ་ཤུགས་རྐྱེན་གལ་ཆེན་དང་གསར་བཟོའི་ནུས་པ་ཐེབས་ཡོད་པ་དང་། ཨེ་ཤ་ཡའམ་ཡང་ན་སའི་གོ་ལའི་ཕྱེད་གླིང་བྱང་མའི་ཁོར་ཡུག་དང་ས་ངོས་ཆགས་ཚུལ་གྱི་རྣམ་པ་ཡོངས་ལའང་སྣེ་གསུམ་པས་ཤུགས་རྐྱེན་ཐེབས་ཡོད།
སྣེ་གསུམ་པ་འདི་ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག་ཡིན་པའི་ཆ་ནས། གནམ་གཤིས་ནས་ས་ངོས་དང་། དེ་ནས་བཞུར་ཆུ་གང་ཞིག་ཡིན་ནའང་། ཉེ་འཁོར་ས་ཁུལ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཕྱོགས་གཞན་ཞིག་ནས། སྣེ་གསུམ་པ་དེ་ནམ་ཟླའི་ཁོར་ཡུག་ལ་ཚོར་སྐྱེན་ཟབ་ཅིང་། དེའི་ཚོར་སྐྱེན་རང་བཞིན་གྱིས་ཕྱིར་ཉེ་འཁོར་ས་ཁུལ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྟབས། ང་ཚོས་ས་ཆ་འདི་ལ་གནམ་གཤིས་འགྱུར་ལྡོག་གི“སྒུལ་བྱེད་འཕྲུལ་འཁོར”རམ་ཡང་ན་སྔ་ལྟས་ཁུལ་ཞེས་འབོད་བཞིན་ཡོད།
འདི་འདྲའི་གྲང་ངར་ཆེ་བའི་ས་ཁུལ་དུ། འཚོ་སྡོད་བྱེད་པའི་རྩི་ཤིང་དང་སྲོག་ཆགས་ཀྱི་ཁྱད་ཆོས་ཀྱང་འཛམ་གླིང་ཡོངས་དང་ཁྱད་པར་ཆེན་པོ་ཡོད། ཧི་མ་ལ་ཡའི་ལྷོ་གཞོགས་ཡོངས་སུ། བྱང་སྣེའི་གྲང་རྒྱུན་བཀག་ཡོད་པའི་མཉམ་དུ། དབྱར་དུས་སུ། རྒྱ་མཚོ་རང་བཞིན་གྱི་རླུང་ཚོགས་དྲག་པོའང་ཡོད།
འཁྱགས་དུས་སླེབས་སྐབས། ས་ཁུལ་འདི་ནི་དམིགས་བསལ་སྲོག་ཆགས་རིགས་རྒྱུད་ཀྱི་སྲུང་སྐྱོབ་ས་ཆ་ཞིག་ཏུ་གྱུར་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དམིགས་བསལ་ཁྱབ་ཁོངས་ཤིག་ཏུ་གྲུབ་ཡོད། དེ་ཡིས་ང་ཚོའི་མཚོ་འཕགས་ཆེས་མཐོ་བའི་ནགས་ཚལ་ཀྱི་མུ་ཁྱུད་ཐིག་རིས་གསར་བཟོ་བྱས་ཤིང་། མཐོ་ཚད་ནི་སྨི4600ནས5000གི་ཡས་མས་ཙམ་ཡོད་པ་དང་། དེ་རུ་སྡོང་བོ་ཆེན་པོ་སྐྱེས་ཐུབ་པ་འདི་འཛམ་གླིང་གི་ས་ཆ་གཞན་པ་རུ་མེད་པ་ཡིན།
སྣེ་གསུམ་པ་རུ། དམིགས་བསལ་གྱི་སྲོག་ཆགས་ཀྱང་མང་པོ་ཡོད་དེ། དཔེར་ན་ནོར་གནག་དང་གཙོད། རྐྱང་སོགས་ཡོད་པར་མ་ཟད། ད་དུང་ས་ཆ་འདི་ནི་འདབ་ཆགས་རིགས་མང་པོའི་དག་ཞིང་ཡང་ཡིན། དེ་བས། སྣེ་གསུམ་པ་ཡིས་ཕལ་ཆེར་ཨེ་ཤ་ཡའི་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་ཤེས་རིག་གི་འཕེལ་ཕྱོགས་ཀྱི་རྨང་གཞི་བཏིངས་ཡོད།