གཞིས་ཀ་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་སྤྱི་བསྒྲགས།
རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་ཞུ་རྒྱུར། ད་ལྟའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཧ་ཅང་ཛ་དྲག་ཆེ་བ་དང་། ས་ཆ་མང་པོར་རིམས་ནད་གློ་བུར་དུ་ཐོན་པ། འགོས་ཁྱབ་མགྱོགས་པའི་གནས་བབ་ལ་གཞིགས་ནས། མི་མངོན་པའི་འགོས་ཁྱབ་ལ་དོགས་ཟོན་དང་མངོན་གསལ་མེད་པའི་ཉེན་ཁ་མེད་པར་བཟོ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་ཐུབ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ལ་འཇགས་རྣམ་དོ་དམ་གྱི་དུས་ཚོད་2022ལོའི་ཟླ་8ཚེས་21གི་ཆུ་ཚོད་13བར་ནར་འགྱངས་བྱ་རྒྱུ་ཡིན། རྒྱ་ཆེའི་གྲོང་མི་ཚོར་དམིགས་བསལ་གྱི་ལས་ཀ་དང་། ཛ་དྲག་གི་གནས་ཚུལ་མེད་ཚེ། ཕྱིར་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པར་འཇགས་རྣམ་དོ་དམ་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་པོ་བྱ་དགོས།
རྒྱ་ཆེའི་མང་ཚོགས་ཚོས་གོ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ཐད་འབྲེལ་ཁ་པར།
0892—12345 (གྲོང་ཁྱེར་འགོ་འཛིན་གྱི་ཐད་འབྲེལ།)
0892—8907090 (གྲོང་ཁྱེར་རིམས་ནད་འགོག་ཟོན་གཞུང་ལས་ཁང་།)
ལྟ་སྐུལ་ཁ་པར།
0892—8919510 (གྲོང་ཁྱེར་སྒྲིག་ཨུ།)
0892—8822183 (གྲོང་ཨུ་རྩ་འཛུགས་པུའུ།)
0892—8824101 (གྲོང་ཨུ་ལྟ་ཞིབ་ཁང་།)
གཞིས་ཀ་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་ནས།
2022ལོའི་ཟླ་8ཚེས་14ཉིན།