འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སྡེ་ཁུལ་གྱི་དངོས་ཟོག་མཁོ་སྤྲོད་ས་ཚིགས་ཀྱི་ལས་དོན་མི་སྣས་མང་ཚོགས་ལ་དངོས་ཟོག་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་རྒོལ་རུ་ཁག་གི་རུ་མིས་དུག་སེལ་བྱེད་བཞིན་པ།
གནས་གཞི་སྡེ་ཁུལ་གྱི་དྲ་མིག་པ་ཚེ་རིང་བདེ་སྐྱིད་ཀྱིས་རྟག་ཏུ་ལོགས་བཀར་མི་སྣའི་མིང་ཐོ་དང་། ཚ་བ་ལྟ་ཆས། དུག་སེལ་འགྱིག་དམ། དྲིལ་བསྒྲགས་དཔྱད་གཞི་སོགས་བླུགས་པའི་ཁུག་མ་ལྗང་ཁུ་ཞིག་འཁྱེར་ཞིང་། ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་ཉིན་ལྟར་ཞོགས་པའི་ཆུ་ཚོད་དྲུག་པ་བདུན་པ་ནས་ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་བཞི་པའི་བར་རིམས་འགོག་གི་ལས་དོན་སྤེལ་ཏེ། གྲོང་མི་ཚོར་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཁ་རས་ཡག་པོ་རྒྱག་པ་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་བློ་བདེ་པོའི་ངང་ཁྱིམ་དུ་སྡོད་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད།
ཚེ་རིང་བདེ་སྐྱིད་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་དྲ་མིག་པ་གྲངས་ལས་འདས་པའི་ཁྲོད་ཀྱི་གྲས་ཤིག་རེད། གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་གྲོང་ཁྱེར་འགྲོ་ལམ་གྱི་དྲ་མིག་ལ་བརྟེན་ནས་དོ་དམ་ས་ཁོངས་དབྱེ་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དང་ཆུས་ཀྱིས་དྲ་མིག་ཁག་22དབྱེ་བ་དང་གྲོང་ཁུལ་183གྱི་གྲོང་མིའི་ཁུལ་ཆུང་ལ་རྦད་དེ་ཁྱབ་པར་བྱས་ཡོད། སྲིད་ཇུས་གསལ་འགྲེལ་བྱེད་པ་དང་། རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པ། ཅ་དངོས་སྒོ་རྩར་སྐྱེལ་བ། དང་བླངས་པས་ཚབ་སྐྱེལ་ཞབས་ཞུ་སྒྲུབ་པ། ཉིང་སྐྱུར་བརྟག་དཔྱད་ཀྱི་དཔེ་ལེན་དང་ཁྱིམ་སྡོད་ལོག་བཀར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་གཙང་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུའི་འགན་ལེན་བྱས་ཡོད།
“དྲ་མིག་པའི་བྲེལ་འཚུབ་ཀྱི་གཟུགས་བརྙན་མཐོང་རིམ་བཞིན་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག” རིམས་ནད་ལ་སྙིང་རྗེ་མེད་རུང་དྲ་མིག་པས་ང་ཚོར་དྲོ་སྐྱིད་སྦྱིན་བྱུང”ཞེས་ཉིང་ཁྲིའི་གྲོང་མིས་དེ་ལྟར་བརྗོད། །