སྟོན་འགོ་ཚུགས་པ་དང་ལྷན་དུ་དཀར་མཛེས་རྫོང་གི་ཞིང་པ་ཚོས་སྟོན་ཐོག་བརྔ་བསྡུའི་དུས་ཚོད་དམ་འཛིན་བྱས་ནས་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད་པས་ཞིང་དང་མུ་ཁ་ཚང་མར་སོ་ནམ་ལས་ལ་བྲེལ་བའི་རྣམ་པས་ཁེངས།
དཀར་མཛེས་རྫོང་ནི་རང་ཁུལ་གྱི་ཞིང་ལས་རྫོང་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་ནས་ཀྱི་འབྲུ་ཚོང་རྟེན་གཞིའི་གྲས་ཤིག་ཀྱང་ཡིན་པས་ཁམས་བྱང་འབྲུ་མཛོད་ཅེས་མཚན་སྙན་ཡོད་པ་རེད།
སྤྱི་ཟླ8པའི་ཚེས13ཉིན་དཀར་མཛེས་རྫོང་རི་འགོ་ཡུལ་ཤོག་གི་གཞི་ཁྱོན་ཆེ་བའི་ས་ཞིང་ནང་མགོ་ལྕོགས་ལྡེམ་ལྡེམ་པའི་སྙེ་མ་སྟོན་རླུང་ལྡང་བ་བསྟུན་ནས་གསེར་རིས་གཉེར་མའི་རྦ་རླབས་འཕྱུར་བཞིན་འདུག། བརྔ་བསྡུ་འཕྲུལ་འཁོར་ཞིག་གསེར་མདོག་གིས་ཁེངས་པའི་ནས་ཞིང་ནང་བརྔ་བསྡུ་བྱས་ནས་འབྲུ་རིགས་འཁོར་སྒྲོམ་ནང་བླུགས་བཞིན་ཡོད་དེ། ཞིང་པ་ཚོའི་ངོ་གདོང་ལ་ལོ་ལེགས་ཀྱི་སྤྲོ་དགའི་འཛུམ་མདངས་རྒྱས་བཞིན་འདུག།།
ཞིང་པས་འབྲུ་རིགས་སྣོད་ཁའི་ནང་བླུགས་བཞིན་པའི་ཚུལ།
མི་དང་འཕྲུལ་འཁོར་མཉམ་དུ་བརྔ་བསྡུ་ལས་ལ་བྲེལ།
འབྲུ་རིགས་དོས་སྐྱེལ་རླངས་འཁོར་ནང་བླུགས་པའི་ཚུལ།
གསེར་མདོག་ཅན་གྱི་ནས་ཞིང་དང་སྡོད་ཁང་མཉམ་དུ་འབྲེལ་ནས་མཛེས་སྡུག་ལྡན་པའི་རང་བྱུང་རི་མོ་གྲུབ།
ལོ་ལེགས་ཐོབ་པའི་འཛུམ་མདངས།
ལོ་ལེགས་ཐོབ་པའི་སྤྲོ་དགའ།
བརྔ་བསྡུ་འཕྲུལ་འཁོར་གྱིས་འབྲུ་རིགས་དོས་སྐྱེལ་རླངས་འཁོར་ནང་བླུགས་བཞིན་པའི་ཚུལ།