འཛམ་ཐང་གི་ཕོ་གསར་མོ་གསར་ཚོས་ཕ་ཡུལ་གྱི་མགྲིན་ཚབ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-25


 

    ཚེས་20ཉིན། 2022ལོའི“ཛམ་བྷ་ལའི་རིག་གནས་ཡུལ་སྐོར”གྱི་བྱེད་སྒོ“མོ་གསར་·ཕོ་གསར” འགྲན་བསྡུར་ཆེན་མོའི་མཐའ་བསྡུར་དེ་འཛམ་ཐང་དུ་གཉེར་བ་དང་། དེའི་ནང་ཚུད་པའི་བདམས་ཐོན་པ་23འགྲན་སྟེགས་སུ་ཞུགས་ནས་གདེང་ཚོད་དང་སྤོབས་པ་ཆེན་པོས་མི་རིགས་ཀྱི་ཁྱད་ཆོས་ཆེས་ཆེར་ངོམས།     

    “སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་”འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། འཛམ་ཐང་གིས་སྣ་མང་རིག་གནས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ཏེ“དྲིན་ཚོར་ཡར་བརྩོན་དང་། སེམས་པ་གཅིག་མཐུན་ཡོང་བ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“མོ་གསར·ཕོ་གསར”འགྲན་བསྡུར་ཆེན་མོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། 

  

    འགྲན་བསྡུར་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་མིང་ཐོ་འགོད་པ་དང་། ཐོག་མའི་འགྲན་བསྡུར། བསྐྱར་མའི་འགྲན་བསྡུར། དྲ་རྒྱའི་སླར་གསོ་འགྲན་བསྡུར། མཐའ་བསྡུར་བཅས་དུས་མཚམས་ལྔ་ལ་དབྱེ་ཡོད་པ་རེད། མཐའ་བསྡུར་ནི་ཤོམ་འགྲོ་འཁྲབ་སྟོན་དང་རྩལ་ནུས་འགྲེམས་སྟོན་གཉིས་ལས་གྲུབ་པ་ཞིག་ཡིན་ཞིང་། དེའི་ནང་ཚུད་པའི་བདམས་ཐོན་པ་23གྱི་ཁྲོད་ནས་ཆེས་མཛེས་པའི“མོ་གསར·ཕོ་གསར”ཨང་དང་པོ་གཉིས་པ་གསུམ་པ་བཅས་བདམས་ཏེ། འཛམ་ཐང་རྫོང་གི་སྣང་བརྙན་མགྲིན་ཚབ་པ་ཡིན་པའི་ངོས་ནས་རྫོང་དེའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་མགྲིན་ཚབ་བྱ་རྒྱུ་དང་ནུས་པ་འདོན་རྒྱུ་རེད། 

  

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི“ཛམ་བྷ་ལའི་རིག་གནས་ཡུལ་སྐོར”གྱི་བྱེད་སྒོ་དེ་འཛམ་ཐང་རྫོང་གི་ལོ་གཅིག་དུས་གཅིག་གི་དུས་ཆེན་གཟབ་རྒྱས་ཤིག་ཡིན་ཞིང་།  “མོ་གསར·ཕོ་གསར”འགྲན་བསྡུར་ཆེན་མོ་ཕུད། ད་དུང་རྟ་རྒྱུག་འགྲན་བསྡུར་དང་། གླ་རྒྱག་ཞིང་པའི་རྩལ་ནུས་འགྲན་བསྡུར་ཆེན་མོ། འཛམ་ཐང་གི་རྣམ་ཐར་འཁྲབ་སྟོན། དམངས་སྲོལ་བྱེད་སྒོ་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་ཆུང་བ་མང་པོ་ཞིག་སྤེལ་ནས། ལྟད་མོ་བ་ཚོར་བོད་ཀྱི་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་པ་མ་ཟད། དེར་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་དང་། ཡུལ་སྐོར། ཞིང་འབྲོག་ཐོན་ལས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1