ཟླ7པ་ནས་བཟུང་རྒྱལ་ཡོངས་སུ་བསྟུད་མར་ཚ་བ་ཤིན་ཏུ་ཆེ་བས། དྲ་གྲོགས་མང་བོས་ད་ལྟ་ཚ་བ་ཆེ་བས་མི་ནི་འཁྱགས་ཟས་ལས་ཀྱང་ཞུ་སླ་ཞེས་ལབ་བཞིན་ཡོད། ཁྲི་གདུགས་ཉི་མའི་ཚ་ཟེར་རྒོད་པའི་དབྱར་ཁ་འདིར་ས་ཆ་གང་དུ་སོང་ན་བསིལ་མོ་ཡིན། གསར་འགོད་པའི་རེ་བ་ཡིན་ན། དབྱར་ཁར་མཛོད་དགེར་ཕེབས་ཤོག འདིར་དབྱར་ཁའི་དྲོད་ཚད20℃མེད་པས། ཁྱོད་རང་ཡིད་ཚིམ་པར་ཁག་ཐེག་བྱེད་ཆོག
འདིར་གནམ་ཐང་ཞིང་སྤྲིན་ཉུང་བ། རླུང་བསིལ་བ། ལྗོངས་ཀྱི་བཀོད་པ་ཡོད་ཚད་རི་མོ་ལས་ཀྱང་མཛེས། རྩྭ་ཐང་དུ་སྦྲ་གུར་རྣམ་པར་བཀྲ་ཞིང་རི་མ་སྒང་དུ་ཤིང་ཁང་སྟར་འགྲིག་པ། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མགྲོན་ཁང་སྐྱིད་པོ་སོགས་འཛོམས་པས། ཁྱོད་ཀྱིས་རང་གི་འདོད་པ་ལྟར་རང་དགར་འདེམས་ཆོག་པས། རྫོགས་ལྡན་དབྱར་གྱི་སྐབས་སུ་རྩྭ་ཐང་ཆེན་མོར་ཐེངས་ཤིག་ཕེབས་ན་ཤིན་ཏུ་འགྲིག་སྟེ། གླིང་དཀར་སྟོད་ནས་ཁྱོད་ཀྱིས་དབྱར་གཞུང་སྐྱིད་པོ་ཉམས་སུ་རོལ་ཆོག གྱི་ལིང་རྟ་མཆོག་བཞོན་ཏེ་རྩྭ་ཐང་ཆེན་མོར་བང་གིས་རྒྱུགས་ཏེ། བསིལ་འཇམ་གྱི་རླུང་དང་རང་དབང་གི་བདེ་སྐྱིད་ཉམས་སུ་རོལ་ཆོག ནམ་ཟླའི་དྲོ་གྲང་འཇམ་པའི་མུ་མེད་ཀྱི་རྩྭ་ཐང་ཆེན་མོས། ཁྱོད་ཀྱི་དབྱར་ཁའི་ཚ་གདུང་ཀུན་ནས་སེལ་ཐུབ།
ཁྲེང་ཏུའུ་ཡི་ཡུལ་སྐོར་བས་བཤད་རྒྱུར། ཁྲེང་ཏུའུ་རུ་དྲོད་ཚད་ཤིན་ཏུ་མཐོ་བས། ང་འདིར་ཆེད་དུ་ཚ་གཡོལ་ལ་ཡོང་བ་ཡིན། འདིར་དབྱར་དུས་སུ་དྲོ་བསིལ་ཤིན་ཏུ་འཇམ་པས། ངོ་མ་སྐྱིད་པོ་རེད་ཟེར།
མེ་ཏོག་གི་དྲི་བསུང་གང་སར་འཐུལ་ཞིང་། འབྲོག་གླུ་སྙན་མོ་རྣ་ལ་འཇེབས། དབྱར་དུས་ཀུན་ལས་མཛེས་ཤིང་ཡུལ་ལྗོངས་ཁྱད་དུ་འཕགས་པས། ཁྱོད་རང་མཛོད་དགེ་མཐོང་བ་ཀུན་སྨོན་ལ་ཕེབས་ཏེ། རྩྭ་ཐང་ཆེན་མོའི་ཐུན་མིན་གྱི་ངོ་མཚར་ཉམས་སུ་རོལ། །