ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་གཉིས་ཀ་འཐུས་ཤོར་མི་ཡོང་བ་མཐའ་འཁྱོངས་ཀྱིས། ཏང་ཡོན་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། དང་བླངས་པ་སོགས་ལས་གྲུབ་པའི་སྟོན་བསྡུའི་འཕྲལ་སྒྲུབ་རུ་ཁག་6བཙུགས་ནས། ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་དང་། ཁྱིམ་སྡོད་ལོགས་བཀར་མི་སྣ། ཕྱིར་གླ་པར་བསྐྱོད་ནས་ཕ་ཡུལ་དུ་ལོག་མ་ཐུབ་པ་བཅས་ལ་ལོ་ཏོག་བརྔ་རོགས་བྱས་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་འཇུག་ཐུབ་པའི་འགན་ལེན་བྱས་ཡོད། འདི་ནི་རྒྱལ་སྨན་ཤང་གི་སྟོན་བསྡུའི་འཕྲལ་སྒྲུབ་རུ་ཁག་གི་རུ་མིས་མང་ཚོགས་ལ་ལོ་ཏོག་བརྔ་རོགས་བྱེད་བཞིན་པ།