ཉེ་ཆར། ལུའུ་ཐུའུ་གསར་འགྱུར་ཁང་གིས་ཡོངས་བསྒྲགས་བྱས་པའི་པར་རིས་ཤིག་གི་ཐོག་གནའ་རྫས་རྟོག་ཞིབ་ལས་དོན་མི་སྣས་ཕོར་ཐིའུ་ཀལ་གྱི་ཕང་པར་གྱི་Monte Agudoཡི་འགྱུར་རྡོ་ཡོད་སར་ཁུང་འབྲུག་གི་འགྱུར་རྙེད་ཚུལ་མངོན་ཡོད་པ་རེད། འཕྲོད་བསྟེན་ཚགས་པར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཚན་ཞིབ་མི་སྣས་གྲོང་མིའི་རྒྱབ་རའི་ནང་ཤེས་རྟོགས་བྱུང་བའི་ཁུང་འབྲུག་གི་འགྱུར་རྡོ་དེ་ནི་ཡོ་རོབ་ཀྱི་ལོ་རྒྱུས་ཐོག་ཤེས་རྟོགས་བྱུང་བའི་ཁུང་འབྲུག་གི་སྐུ་རུས་ཆེ་ཤོས་དེ་ཡིན་སྲིད་པའི་ངོས་འཛིན་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྔོག་འདོན་བྱས་ཟིན་པའི་འགྱུར་རྡོའི་ཆེ་ཆུང་ལ་གཞིགས་ནས་ཚོད་དཔག་བྱས་པ་ལྟར་ན། ཁུང་འབྲུག་དེའི་མཐོ་ཚད་ལ་སྨི་12དང་རིང་ཚད་ལ་སྨི་25ཡོད་པ་རེད།