ལན་ཀྲོའུ་ཡིས་ཤིང་ཏོག་སྔོ་ཚལ་ཏུན་51བོད་ལྗོངས་སུ་བསྐྱལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-01


 

     སྤྱི་ཟླ་8པའི་ཚེས་29ཉིན། ཀོ་པི་དང་། སྒོག་སྙིང་། སུར་པན། ཙོང་རིལ། ལབ་སེར་སོགས་དངོས་ཟོག་ཏུན་51བླུགས་པའི་ཟོག་འདྲེན་མེ་འཁོར་ལན་གྲངས་89221དེ་ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུད་ཚོགས་པ་ཚད་ཡོད་ཀུང་སིའི་ལན་ཀྲོའུ་ཟོག་འགྲེམས་ལྟེ་གནས་གྱི་ཏུང་ཁྲོན་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ནས་རྡོག་ཐོན་གྱིས་སྤྱི་ལེ་2000སར་གནས་པའི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྐྱོད་ཡོད།



    དངོས་ཟོག་འདི་དག་བསྡོམས་པས་འཁོར་སྒྲོམ་བཞིའི་ནང་བླུགས་ཏེ། འཕྲུལ་སྲུང་འཁྱགས་ཉར་བྱེད་པའི་དབྱིན་ཁྲེ་40ཅན་གྱི་དོས་སྒམ་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་འཁྱགས་ཕྲེང་གི་ཐབས་ལ་བརྟེན་ནས་དབོར་འདྲེན་བྱེད་པ་དང་། དངོས་ཟོག་དེ་དག་ཉིན་5ཡི་གཡས་གཡོན་དུ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་འབྱོར་རྒྱུ་རེད།

 



      གསར་འགོད་པར་ཤེས་རྟོགས་བྱུང་བར། སྤྱི་ཟླ་8པ་ནས་བཟུང་། བོད་རང་སྐྱོང་ལྗོངས་སུ་ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པ་དང་། ས་གནས་དེ་གའི་མང་ཚོགས་ནས་རིམས་གནད་སྔོན་འགོག་ཚོད་འཛིན་བྱེད་པར་རོགས་རམ་བྱ་ཆེད། ལན་ཀྲོའུ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་འཚོ་བའི་དངོས་ཟོག་ཉོ་སྒྲུབ་བྱས་ཏེ། ལྕགས་ལམ་བརྒྱུད་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྐྱེལ་བཞིན་ཡོད། དངོས་ཟོག་སྐྱེལ་འདྲེན་གྱི་བླང་བྱ་འབྱོར་རྗེས། ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུད་ཚོགས་པ་ཚད་ཡོད་ཀུང་སིའི་ལན་ཀྲོའུ་ཟོག་འགྲེམས་ལྟེ་གནས་ཀྱིས་འཕྲལ་མར་བྱ་སྤྱོད་བཟུང་ནས་སྐྱེལ་འགན་འཁུར་བ་དང་། འདོན་འཇུག་དང་འདྲེན་གཏོང་སྔོན་ལ་བྱེད་པའི་རྩ་དོན་གཞིར་བཟུང་ནས། སྐྱེལ་འདྲེན་གྱི་བྱེད་ཐབས་བཟོས་ཐོག འཁྱགས་ཉར་སྒམ་སྤྱད་དེ་སྐྱེལ་འདྲེན་གྱི་མྱུར་ཚད་གང་མགྱོགས་ཡོང་བར་སྒྲིག་འཛུགས་བྱས་པ་དང་འཚོ་བའི་དངོས་ཟོག་འདི་དག་མྱུར་བ་དང་བདེ་འཇག ས་སྒོ་ནས་གཞིས་ཀ་རྩེ་གྲོང་ཁྱེར་དུ་འབྱོར་ཐུབ་པར་ཁག་ཐེག་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1