སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་6.8བྱུང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01



སྤྱི་ཟླ་9པའི་ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཐོག་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་6.8བྱུང་བ་དང་འགུལ་ཁུངས་གཏིང་ཚད་སྟོང་སྨི་16ལ་ཟིན་ཡོད།ས་འགུལ་བྱུང་རྗེས། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་6.8ཅན་གྱི་ས་འགུལ་ཐད་མཛུབ་སྟོན་གལ་ཆེན་གནང་དོན། ཚེ་སྲོག་མྱུར་སྐྱོབ་དེ་ལས་འགན་གཙོ་བོ་རུ་བཟུང་ནས། སྟོབས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་མྱུར་སྐྱོབ་དང་། མི་སྣ་ཤི་རྨས་ཀྱི་ཚད་ཆེས་ཆུང་བར་གཏོང་དགོས་པའི་བླང་བྱ་བཏོན་ཡོད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་འཕྲལ་མར་དཀར་མཛེས་ཁུལ་དང་ལྕགས་ཟམ་ཁ་རྫོང་གི་འགོ་ཁྲིད་ལ་ཁ་པར་བཏང་ནས་མཛུབ་སྟོན་གལ་ཆེན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་སྣེ་ཁྲིད་དེ་གནོད་ཁུལ་དུ་འགུལ་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས།མིག་སྔར། འབྲེལ་ཡོད་གནོད་ཐེབས་གནས་ཚུལ་མུ་མཐུད་དུ་བསྡོམས་རྩིས་བྱེད་བཞིན་ཡོད་ལ། ས་འགུལ་གནོད་ཐེབས་ཁུལ་དུ་སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་ཉེན་སེལ་གྱི་ལས་ཀ་སྤེལ་བཞིན་ཡོད། །


འདི་ནི་སྤྱི་ཟླ་9པའི་ཚེས་5ཉིན་གྱི་མཚན་མོའི་སི་ཁྲོན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་སྡོད་གནས་ཡིན།


རོགས་སྐྱོབ་མི་སྣས་ལྕགས་ཟམ་རྫོང་བདེ་ཐང་གྲོང་རྡལ་ཝང་ཏུང་གྲོང་ཚོའི་གྲོང་མི་རྨས་མ་ཞིག་གནམ་གྲུ་ཐོག་འགྲུལ་སྐྱེལ་བྱེད་བཞིན་ཡོད


རོགས་སྐྱོབ་མི་སྣས་ལྕགས་ཟམ་རྫོང་བདེ་ཐང་གྲོང་རྡལ་ཝང་ཏུང་གྲོང་ཚོའི་གྲོང་མི་རྨས་མ་ཞིག་རི་འགོ་ནས་ཁུར་ཡོང་།


ཧྲི་མན་རྫོང་ཝང་ཀང་ཕིང་ཡུལ་ཤོག་ཝ་ཅའོ་གྲོང་ཚོའི་ཨུ་ལྷན་གྱི་གནས་སྐབས་སྡོད་གནས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1