༄༅། །དགུ་ཐུག་འཐུང་བ་དང་གླུད་གཡུག་ནས་གདོན་ཕུད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27


             དགུ་ཐུག་ནི་བག་ཐུག་འཐུང་ཞིང་། དེ་འབྲེལ་བཟའ་བཏུང་དང་དགོད་སྤྲོ་མཉམ་འབྲེལ་གྱི་བྱེད་སྒོ་ཞིག་ཡིན། དེ་ནི་བོད་རིགས་མང་ཚོགས་ཀྱི་དམིགས་བསལ་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཀྱི་དགུ་ཐུག་མཛད་སྒོ་ཞིག་ཡིན།བག་ཐུག་འགྲིལ་དུས་ཁྱིམ་ཚང་ཨ་མས་ཟན་ནང་དངོས་རྫས་རིགས་ཁག་མི་འདྲ་བ་འགའ་དཔེར་ན་ཉི་མ་དང།ཟླ་བ།གྲོ་མ།སུར་པན། ཚྭ།དཀར་ཡོལ།བལ་དཀར།སྲན་མ།སོལ་བ་བཅས་ཟན་ཀྱི་དཀྱིལ་དུ་བླུགས་ཀྱི་ཡོད་པས་དེས་བསྟུན་གྱི་ནང་མི་ཚང་མ་བྱེད་སྒོ་དེའི་ནང་ཚུད་ཐུབ་ཀྱི་ཡོད།དེ་བཞིན་ཐུག་པའི་ནང་ལ་ཕུག་དང་།ནས།གྲོ་ཐུགསྲན་མ།ཁུར་བ།ཚྭ།ཆུ།ཤ་རུས་ལ་སོགས་ལས་སྒྲུབ་པའི་བཟས་སྣ་དགུ་ཚང་(དགུ་རྫས་ཟེར)དགོས་པས་དེས་ཐུག་པའི་བྲོ་བ་དེ་བས་ལེགས་ལ་དེ་བཞིན་ལོ་དེའི་ནང་ལོ་ཕྱུག་རྟག་ཏུ་རྒྱས་པའི་བཀྲ་ཤིས་མཚོན་པའི་རྟགས་ཡིན་པའི་བཤད་སྲོལ་ཀྱི་ལུགས་མི་འདྲ་བ་ཞིག་ཀྱང་ཡིན།དགུ་ཐུག་ཀྱི་ཟན་ནང་དངོས་རྫས་རིགས་ཁག་མི་འདྲ་བ་འགའ་བླུགས་པའི་ཤུགས་བསྟན་གྱི་གོ་དོན་ནི་ཉི་མ་ནི་སྤྱི་སེམས་ལས་སྒེར་སེམས་མེད་པ།ཟླ་བ་ནི་ལས་དོན་སྤྱི་ཐད་ལ་སེམས་ནུས་བསིལ་བ།གྲོ་མ་ནི་ཁ་གྲོ་པོའི་དོན།སུར་པན་ནི་ཁ་ཚ་ལ་སེམས་རྒྱུད་དྲང་བ།ཚྭ་ནི་སྒྱིད་ལུག་པ།དཀར་ཡོལ་ནི་བཟའ་རྒྱུར་དགའ་ལ་ལས་ཀར་གཡོལ་བ།བལ་དཀར་ནི་སེམས་བཟང་ཅན།སྲན་མ་ནི་ལས་དོན་སྤྱི་ཐད་ལ་སེམས་ནུས་མི་རྒྱག་པར་སྒོའི་ཐན་པའི་སྒང་གི་རིལ་མ་ལྟ་བུར་གོ་བ།སོལ་བ་སེམས་གནག་པའི་དོན་བཅས་པའི་ཤོད་ལུགས་མི་འདྲ་བ་ཁ་ཤས་ལ་གོ་སྲོལ་འདུག

            དེ་རྗེས་དགུ་ཐུག་བསྐོལ་ཚར་རྗེས་ནང་མི་ཚང་མས་མཉམ་འཛོམས་ངང་དགུ་ཐུག་འཐུང་ནས་རང་སོ་སོའི་ཐུག་པའི་ནང་གང་བབས་པར་འབྲེལ་བཤད་རྒྱག་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར་བ་སོགས་ཀྱི་བྱེད་སྒོར་དགོད་སྤྲོའི་གཏམ་གྱི་ཁེངས་བཞིན་ཡོད།ས་རུབ་རྗེས་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང་།ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་པ་དང་།དེ་ལ་ཆང་བུ་དང་།ཇ་རོ།སྦང་མ་སོགས་གླུད་རྫས།།ཐུག་ལྷགསོག་མའི་ཀུ་རུ་ཁ(རྒྱ་གྲམ)དགུ་བཅོས་རྣམས་་རྫ་སྣོད་ཆག་དུམ་ནང་བཞག་ཏེ་མུན་རུབ་སྐབས་ནང་མི་ཞིག་གིས་སོག་མ་ཆག་པ་རིང་པོ་ཞིག་ལ་མེ་སྤར་ཏེ་མར་དོན་ཤོགམར་དོན་ཤོག་ཅེས་འབོད་བཞིན་ཁང་མིག་ཚང་མའི་སྒོ་འཛུལ་ཙམ་བྱས་རྗེས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོག་སྤག་སྤར་བཞིན་ལམ་གསུམ་མདོར་སྐྱེལ་གྱི་ཡོད་པས་དེ་ནས་གླུད་གཡུག་པ་དང་གདོན་ཕུད་པའི་བྱེད་སྒོ་ཚར་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1