སྤྱི་ཟླ་9པའི་ཚེས་3ཉིན། རྔ་བ་ཁུལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བབ་བསྟུན་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་བརྡ་ཐོ་ཁྱབ་བསྒྲགས་བྱས་དོན། རྔ་བ་ཁུལ་གྱི་ས་གནས་ཁ་ཤས་སུ་ད་དུང་རིམས་ནད་མཆེད་བཞིན་ཡོད་པ་དང་། རིམས་ནད་ཕྱི་རུ་མཆེད་པའི་ཉེན་ཁ་ཤིན་ཏུ་ཆེ་བས། ཉེན་ཁའི་རྐྱེན་ངན་ནུས་ལྡན་ངང་སེལ་ཐུབ་པ་དང་། རིམས་ནད་མཆེད་པར་བཀག་འགོག་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་འགན་སྲུང་གང་ལེགས་བྱ་ཐུབ་ཆེད། རྔ་བ་ཁུལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བབ་བསྟུན་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་ནས། སྤྱི་ལོ་2022ལོའི་ཟླ་9པའི་ཚེས་4ཉིན་གྱི་ཆུ་ཚོད་08པ་ནས་སྤྱི་ཟླ་9པའི་ཚེས་8ཉིན་གྱི་ཆུ་ཡོད་08པའི་བར་དུ། ཁུལ་ཡོངས་ཀྱི་རྫོང་ཁག(གྲོང་ཁྱེར)13གྱི་ཁྱབ་ཁོངས་ཡོངས་སུ་འགུལ་མེད་རྣམ་པའི་དོ་དམ་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་ཡོད། །