རྔ་བ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བརྡ་ཁྱབ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 09-04




རྔ་བ་ཁུལ་གྱིས་ཟླ་དགུ་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ནས་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་བར་འཇགས་རྣམ་དོ་དམ་ལག་བསྟར་བྱེད་རྒྱུ་རེད།  


      མིག་སྔར་སི་ཁྲོན་ཞིང་ཆེན་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཡོད་པ་དང་། རྔ་བ་ཁུལ་གྱི་ས་ཁུལ་ཁག་གཅིག་གི་རིམས་ནད་སྔར་བཞིན་འགོས་ཁྱབ་འགྲོ་བཞིན་ཡོད་པས་རིམས་ནད་འགོས་མཆེད་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད། ཉེན་ཁ་སེལ་བ་དང་རིམས་ནད་མཆེད་རྒྱུ་བཀག་འགོག་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། རྔ་བ་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བབ་བསྟུན་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་ནས་༢༠༢༢ལོའི་ཟླ་དགུ་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་ཟླ་དགུ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་བར་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་བཅུ་གསུམ་ལ་ཁོངས་ཡོངས་འཇགས་རྣམ་དོ་དམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཡོངས་ཁྱབ་བརྡ་ཡིག་གཤམ་གསལ་ལྟར།


 གཅིག མི་འགྲོ་འོང་ལ་དོ་དམ་ནན་པོ་བྱེད་དགོས། 


    རྫོང་དང་གྲོང་ཁྱེར་ཁག་གིས་འཇགས་རྣམ་དོ་དམ་གྱི་གཏན་འབེབས་བརྩི་སྲུང་ནན་པོ་བྱས་ཏེ། ཞང་དང་གྲོང་རྡལ། གྲོང་ཚོ། སྡེ་ཁུལ། འདུས་ཁུལ་བཅས་ཚང་མས་བཀག་སྡོམ་དོ་དམ་ལག་བསྟར་བྱེད་དགོས་པ་དང་། རྩ་དོན་ལྟར་ན་འགྲོ་འོང་བྱེད་སའི་སྒོ་གཅིག་མ་གཏོགས་ཕྱེ་མི་ཆོག འཇགས་རྣམ་དོ་དམ་ཁྱབ་ཁོངས་ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་སྨན་བཅོས་རོགས་སྐྱོབ། བབ་བསྟུན་ཉེན་སེལ། གྲོང་ཁྱེར་གྱི་མཁོ་སྤྲོད་འགན་ལེན། གད་སྙིགས་གཙང་སེལ། སྲིད་འཛིན་ཁྲིམས་འཛིན་སོགས་ཀྱི་ལས་དོན་མི་སྣ་ཕུད། གཞན་ཚང་མ་འགྲོ་འོང་དང་འདུ་འཛོམས་བྱེད་མི་ཆོག དང་བླངས་པས་ཉེ་བཅར་མིན་པའི་དང་བླངས་ཞབས་ཞུ་སྒྲུབ་ནས་གྲོང་མིར་དངོས་ཟོག་ཉོ་སྒྲུབ་བྱེད་རོགས་བྱེད་པ་དང་། དང་བླངས་ཞབས་ཞུ་མཁོ་འདོན་བྱེད་ཐབས་མེད་པའི་ས་ཁུལ་དུ་དུད་ཚང་རེའི་མི་གཅིག་ཉིན་ལྟར་ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་ཀྱི་དཔང་རྟགས་བསྟན་ནས་ཉེ་འགྲམ་དུ་འཚོ་བའི་དངོས་ཟོག་ཐེངས་གཅིག་ཉོ་རུ་འགྲོ་ཆོག དོས་དྲག་དང་ཉེན་ཚབས་ཆེ་བའི་ནད་པ་དང་སྦྲུམ་མ་སོགས་འཕྲལ་མྱུར་སྨན་བཅོས་བྱ་རྒྱུའི་དགོས་མཁོ་ཡོད་པ་དག་གྲོང་ཚོ་དང་སྡེ་ཁུལ་གྱི་ཆོག་མཆན་ཐོབ་རྗེས་གཞི་ནས་ཕྱིར་འགྲོ་ཆོག 


 གཉིས། བབ་བསྟུན་སྒོ་བཀག་དོ་དམ་ནན་མོ་བྱེད་དགོས། 


    ཁུལ་ཡོངས་ཀྱི་སྡོད་དམངས་ཀྱི་འཚོ་བ་དང་གཞི་རྩའི་འཁོར་སྐྱོད་འགན་ལེན་བྱེད་པའི་ཆུ་དང་གློག སྣུམ། སོལ་རླངས། འཕྲིན་གཏོང་། ཁོར་ཡུག་སྲུང་སྐྱོང་། འབྲུ་རིགས་དང་བཟའ་སྣུམ། ཚལ་བཅས་མཁོ་འདོན་བྱེད་པའི་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ཁེ་ལས་ཕུད་ཚང་མས་ཁྱིམ་སྡོད་གཞུང་ལས་བྱེད་དགོས། སྡོད་དམངས་ཀྱི་གཞི་རྩའི་དགོས་མཁོ་འགན་ལེན་བྱེད་པའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། སྨན་ཚོང་ཁང་། སྨན་ཁང་སོགས་འཚོ་བའི་དགོས་མཁོ་ཆེ་སར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མུ་མཐུད་ལས་གཉེར་བྱེད་དགོས་པ་ཕུད། དེ་མིན་གྱི་སྤྱི་པའི་འདུ་གནས་དང་ཚོང་ཁང་གིས་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་དགོས། ཁུལ་ཡོངས་ཀྱི་མཛེས་ཁུལ་དང་ཆོས་ར། རྒན་གསོ་ཁང་སོགས་སུ་བཀག་སྡོམ་དོ་དམ་བྱེད་དགོས། 


 གསུམ། འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལག་བསྟར་ནན་པོ་བྱེད་དགོས། 


   འགྲུལ་སྐྱེལ་རླངས་འཁོར་དང་། གླ་གཏོང་རླངས་འཁོར། སྤྱི་སྤྱོད་རླངས་འཁོར་བཅས་གནས་སྐབས་སུ་སྐྱེལ་འདྲེན་བྱེད་མཚམས་བཞག་ནས་གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་རླངས་འཁོར་གྱིས་ལག་ཁྱེར་ལ་བརྟེན་ནས་འགྲོ་དགོས། འགྲོ་ཡུལ་ཁུལ་ནང་ཡིན་པའི་རླངས་འཁོར་གྱིས་ངེས་པར་དུ་ཞིབ་བཤེར་བཞི་དང་བཤེར་འབེབས་གཅིག འདྲི་རྩད་གཅིག་༼ཞིབ་བཤེར་ས་ཚིགས་སུ་སྐྱོད་སྐབས་བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་ཨང་རྟགས། ལུས་པོའི་དྲོད་ཚད་བརྟག་དཔྱད། ཁ་རས་རྒྱག་པ། བྱེད་སྒོ་སྤེལ་ཡུལ་གྱི་ཨང་རྟགས་བཤེར་འབེབས། འགྲོ་འདུག་གནས་ཚུལ་འདྲི་རྩད་བཅས་ཡིན། ༽དོན་འཁྱོལ་བྱེད་དགོས་པར་མ་ཟད། ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་སྲིབས་གཤིས་ཀྱི་དཔང་རྟགས་བཏོན་ཚེ་ཁུལ་ནང་དུ་འོང་ཆོག་པ་དང་། དམིགས་སར་སླེབས་རྗེས་འཇགས་རྣམ་དོ་དམ་གྱི་བླང་བྱ་ལྟར་ལག་ལེན་བྱེད་དགོས། རྔ་བ་ཁུལ་བརྒྱུད་ནས་འགྲོ་བའི་རླངས་འཁོར་གྱིས་ཞིབ་བཤེར་བཞི་དང་བཤེར་འབེབས་གཅིག འདྲི་རྩད་གཅིག་བཅས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཞིང་ཆེན་ཕྱི་རོལ་ནས་སི་ཁྲོན་དུ་ཡོང་ན་ངེས་པར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། བབ་བསྟུན་སྒོ་བཀག་དོ་དམ་བྱས་ནས་ཁུལ་བརྒྱུད་དེ་ཐད་ཀར་འགྲོ་དགོས། ས་ཁོངས་ནང་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད། བབ་བསྟུན་ཉེན་སེལ། གྲོང་ཁྱེར་གྱི་འཁོར་སྐྱོད། སྨན་བཅོས་སྐྱོབ་བཅོས། དམངས་འཚོ་འགན་ལེན། ལས་རེས་སོགས་ལས་འགན་གལ་ཆེན་འཁུར་བས་ཕྱིར་བསྐྱོད་དགོས་ངེས་ཡིན་ཚེ། ཆུ་ཚོད་ཉེར་བཞིའི་ཉིང་སྐྱུར་ཞིབ་དཔྱད་སྲིབས་གཤིས་ཀྱི་དཔང་རྟགས་དང་ལས་ཁུངས་ཀྱི་དཔང་ཡིག་གཞུང་ཐམ་བརྒྱབ་པ་བསྟན་ནས་འགྲོ་འོང་བྱེད་པ་དང་དེ་བྱིངས་ཀྱི་རླངས་འཁོར་ལམ་དུ་བསྐྱོད་རྒྱུ་གཏན་འགོག་བྱེད་དགོས།


 བཞི། ཉིང་སྐྱུར་བརྟག་དཔྱད་དོན་འཁྱོལ་ནན་མོ་བྱེད་དགོས། 


     རྫོང་དང་གྲོང་ཁྱེར་ཁག་གིས་འཇགས་རྣམ་དོ་དམ་བྱེད་རིང་མི་སྣ་ཡོངས་ཀྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་འཕྲལ་མར་བྱེད་འགོ་བཙུགས་ནས་ཁག་བགོ་བ་དང་དུས་མཚམས་དབྱེ་བའི་ལས་ཀའི་བླང་བྱ་གཞིར་བཟུང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དུས་ཚོད་དང་གནས་ཐིག་བཀོད་སྒྲིག་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ། ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་མི་སྣ་སྒྲིག་འཛུགས་ཀྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ནས་འཇགས་རྣམ་དོ་དམ་བྱེད་རིང་། ཉེན་ཁ་ཡོད་མཁན་ཁྱོན་ཡོངས་ནས་གྲལ་བཤེར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 


 ལྔ། དངོས་ཟོག་སྣ་ཚོགས་གསོག་འཇོག་ནན་པོ་བྱེད་དགོས། 


     རྫོང་དང་གྲོང་ཁྱེར་ཁག་གིས་འཕྲལ་མར་འཚོ་བའི་དངོས་རྫས་དང་སྨན་བཅོས་དངོས་རྫས་ལ་ཁྱོན་ཡོངས་ནས་གཙང་བཤེར་དང་མཛོད་ཉར་མི་འདང་བའི་རིགས་དུས་ཐོག་ཏུ་ཉོ་སྒྲུབ་དང་ཁ་གསབ་བྱས་ཏེ། འཇགས་རྣམ་དོ་དམ་བྱེད་རིང་འཚོ་བའི་དངོས་རྫས་དང་སྨན་བཅོས་དངོས་རྫས་ཁྱོན་ཡོངས་ནས་འགན་སྲུང་ཐིག་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1