གསར་འགོད་པར་ཚེས་6ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་སི་ཁྲོན་ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་མི་65རྐྱེན་ལམ་དུ་ཤོར། དེའི་ནང་དུ་དཀར་མཛེས་ཁུལ་གྱི་མི་37རྐྱེན་ལམ་དུ་ཤོར་བ་དང་མི་12ལ་འབྲེལ་བ་ཆད། ཧྲི་མེན་རྫོང་གི་མི་28རྐྱེན་ལམ་དུ་ཤོར་བ་དང་མི་78ལ་རྨས་སྐྱོན་ཕོག། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འགུལ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་གནས་ཚུལ་ལྟར་ན། སྤྱི་ཟླ་9པའི་ཚེས་6ཉིན་གྱི་ཆུ་ཚོད་7པའི་བར་ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་དཀར་མཛེས་ཁུལ་གྱི་མི་37རྐྱེན་ལམ་དུ་ཤོར་བ་དང་མི་12ལ་འབྲེལ་བ་ཆད། རྨས་སྐྱོན་ཕོག་པའི་མི་170གཅིག་བསྡུས་བྱས་པ་ལས་དེའི་ནང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་56ཡོད།
སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་གནས་ཚུལ་ལྟར་ན།སྤྱི་ཟླ་9པའི་ཚེས་6ཉིན་གྱི་དུས་ཚོད་5དང་སྐར་མ་5ལ། ཧྲི་མེན་རྫོང་ཡོངས་སུ་མི་28རྐྱེན་ལམ་དུ་ཤོར་པ་དང་མི་78ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་འབྱོར་ལ། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་གྱིས་ནུས་ཤུགས་ཡོད་རྒུས་རྨས་མ་འཚོལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། རོགས་སྐྱོབ་བགྲོད་ལམ་གང་མགྱོགས་ཤར་གཏོང་ཐུབ་པ་བྱས་ནས། འགུལ་འཕྲོ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱེད་པ་དང་། གནོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སླར་གསོ་བྱས་ཏེ་མི་སྣ་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད།