སྤྱི་ཟླ་9པའི་ཚེས་6ཉིན་གྱི་ཆུ་ཚོད་16ཐོག །སི་ཁྲོན་ཞིང་ཆེན“9·5”ལྕགས་ཟམ་ཁའི་ས་འགུལ་གྱི་འགུལ་འགོག་གེགས་སྐྱོབ་ལས་ཞིང་ཆེན་དང་གྲོང་ཁྱེར(ཁུལ།)རྫོང་བཅས་ཀྱི་ཡུལ་དངོས་མཉམ་འབྲེལ་བཀོད་འདོམས་པུའུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་འཚོགས།
གསར་འགོད་པས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་གསལ། ཚེས་6ཉིན་གྱི་ཆུ་ཚོད་14བར། ས་འགུལ་ལས་མི་66རྐྱེན་ལམ་དུ་ཤོར་(དེ་ལས་དཀར་མཛེས་ཁུལ་གྱི་མི་38དང་གཡག་རྔ་གྲོང་ཁྱེར་གྱི་མི་28ཡོད)ཡོད་པ་དང་། མི་15ལ་འབྲེལ་བ་ཆད་པ། མི་253ལ་རྨས་སྐྱོན་ཐེབས་(དེ་ལས་རྨས་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་མཁན་མི་5དང་རྨས་སྐྱོན་ཚབས་བྱེད་ཐེབས་མཁན་མི་70ཡོད)ཡོད། །