དཀར་མཛེས་་ཁུལ་གྱིས་ཏོག་གསར་གློ་ཚད་སྐོར་གྱི་སྤྱི་བསྒྲགས་ཨང23པ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-08



        


དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས། 


 

(ཨང23པ།)



        སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བ་རེད།  ཚེ་སྲོག་སྐྱོབ་པའི་ཐོགས་མེད་བགྲོད་ལམ་སྲུང་ཞིང་འགུལ་འགོག་གནོད་སྐྱོབ་དང་རིམས་ཚུལ་འགོག་ཟོན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་གནོད་ཐེབས་མང་ཚོགས་དང་རོགས་སྐྱོབ་ཏུ་ཞུགས་མཁན་གྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད།། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ།

    གཅིག། ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ས་ཁོངས་ཡོངས་ལ་གནས་སྐབས་དོ་དམ་ཚོད་འཛིན་བྱེད་པ་དང་། མི་དང་འཁོར་རིགས་ཕྱིར་སྐྱོད་པ་ལས་ནང་དུ་ཡོང་མི་ཆོག་པ་བྱ་རྒྱུ་ཡིན་ལ། གནས་སྐབས་སུ་ཉེན་སེལ་གནོད་སྐྱོབ་ཁྲོད་དུ་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཡོང་བར་དང་ལེན་ཞུ་རྒྱུ་མིན། ཁུལ་དང་རྫོང་གི་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ཡི་ཆོག་མཆན་ཐོབ་མཁན་གྱིས་ཆུ་ཚོད24ནང་ཚུད་ཀྱི་ཉིང་སྐྱུར་དཔེ་བཤེར་མཇུག་འབྲས་ནད་དུག་མེད་པའི་དཔང་འཛིན་འཁྱེར་དགོས་ཤིང་། བདེ་ཐང་ཨང་རྟགས་ལྗང་ཁུ་ཡིན་པའི་ཐོག་ཉེན་ཁའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་མེད་པ་དང་། དོ་དམ་ཚོད་འཛིན་བྱེད་སའི་འཛུལ་སྒོ་ཁར་སླེབས་པ་དང་ཉིང་སྐྱུར་དཔེ་བཤེར་བྱ་དགོས། གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་ཕྱིར་ལོག་མཁན་ནང་དུ་འགྲོ་དགོས་ངེས་ཡོད་ན། ད་དུང་ཡུལ་དེ་གའི་ཡུལ་ཤོག་དང་གྲོང་རྡལ། ཁྲོམ་གཞུང་བཅས་ཀྱི་དཔང་འཛིན་བསྟན་དགོས།

    གཉིས། གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་དང་རོགས་སྐྱོབ་ཁྲོད་དུ་ཞུགས་མཁན་གྱིས་རང་ཉིད་འགོག་སྲུང་ཡག་པོ་བྱ་དགོས་ཤིང་། ཉིན་རེར་ཉིང་སྐྱུར་དཔེ་བཤེར་ཐེངས་རེ་བྱེད་པ་དང་། མི་སྣ་འདུ་འཛོམས་ཆེ་ས་དང་ཡང་ན་བར་སྟོང་དོག་པོར་འགྲོ་དུས་བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་ཨང་རྟགས། ཉེན་ཁའི་གྲོང་ཁྱེར་དུ་འགྲུལ་བཞུད་མྱོང་མིན་གྱི་ལོ་རྒྱུས་བཅས་བརྟག་བཤེར་བྱ་དགོས་པར་མ་ཟད།གནས་ཡུལ་ཨང་རྟགས་བཤེར་བ་དང་བརྒྱུད་རིམ་ཧྲིལ་པོར་ཁ་ཤུབས་བརྒྱག་དགོས། བདེ་ཐང་གནས་ཚུལ་རྒྱུན་ལྡན་མིན་པའི་མི་སྣས་དུས་ཐོག་སྙན་སེང་ཞུས་ནས་སྨན་བཅོས་བྱ་དགོས་པ་ལས་ཉེན་སེལ་རོགས་སྐྱོབ་ལས་དོན་ཁྲོད་དུ་ཞུགས་མི་ཆོག།

    གསུམ། བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱིས་འདུ་འཛོམས་མི་བྱེད་པ་དང་རུབ་མི་རྒྱག་པ། གསོལ་སྟོན་མི་བྱེད་པ་རྒྱུན་འཁྱོང་དགོས་ཤིང་། ནད་ཕན་ཚུན་མི་འགོ་བར་བྱ་དགོས།

    བཞི། ས་ཆ་གཞན་དུ་གཉེན་ཉེ་གྲོགས་པོའི་སར་འགྲོ་མཁན་དང་ཡང་ན་བཀོད་སྒྲིག་བྱ་ཡུལ་གྱི་གནོད་ཐེབས་མང་ཚོགས་ཀྱིས་ངེས་པར་དུ་སྔོན་ལ་འགྲོ་སའི་ས་ཆའི་རིམས་ཚུལ་འགོག་ཟོན་གྱི་བླང་བྱ་རྒྱུས་ལོན་བྱ་དགོས་པ་དང་། མ་སྐུལ་དང་ལེན་གྱིས་སྙན་སེང་ཐོ་འགོད་བྱེད་ཅིང་། ཆུ་ཚོད24ནང་ཚུད་ཀྱི་ཉིང་སྐྱུར་དཔེ་བཤེར་མཇུག་འབྲས་ནད་དུག་མེད་པའི་དཔང་འཛིན་འཁུར་དགོས་ལ། ས་གནས་དེ་གར་གཞོགས་འདེགས་བྱས་ནས་རིམས་ཚུལ་འགོག་ཟོན་གྱི་བྱེད་ཐབས་དོན་འཁྱོལ་བྱ་དགོས།


    ལྔ། ལོགས་བཀར་དོ་དམ་ཚོད་འཛིན་མི་སྣས་ངེས་པར་དུ་ཡུལ་དངོས་ཀྱི་དོ་དམ་དང་ལེན་ཞུ་དགོས་ཤིང་། ལོགས་བཀར་གྱི་ཆ་རྐྱེན་མི་འཛོམ་ན་ཕྱིར་འབྲེལ་མེད་པར་བརྒྱུད་སྐྱེལ་དང་ས་གནས་གཞན་དུ་ལོགས་བཀར་བྱ་དགོས།

    དྲུག། གནས་སྐབས་དོ་དམ་ཚོད་འཛིན་བྱ་ཡུལ་གྱི་ལྗོངས་ཁུལ་དང་ལྗོངས་གནས། གནས་ཡུལ་བར་སྟོང་དོག་པོ། སྤྱི་པའི་རིག་རྩལ་ར་བ་བཅས་གནས་སྐབས་ལ་སྒོ་འབྱེད་ཚོང་གཉེར་བྱེད་མཚམས་གཞག་དགོས།སློབ་གྲྭ་རིགས་ཁག་དང་བྱིས་སྐྱོང་ཁང་དུ་བཀག་སྡོམ་བྱ་རྒྱུ་དང་དྲྭ་ཕྱིའི་སློབ་ཁྲིད་བྱེད་སྒོ་སྤེལ་མཚམས་གཞག་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གནས་སྐབས་སྒོ་དན་དགོས་ལ། ཆོས་ལུགས་བྱེད་སྒོ་གནས་སྐབས་སྤེལ་མཚམས་གཞག་དགོས།

    བདུན། གནོད་འཚེ་ཐེབས་ཡུལ་གྱི་མང་ཚོགས་དང་རོགས་སྐྱོབ་ཁྲོད་དུ་ཞུགས་མཁན་གྱིས་ཆེད་ལས་སྒྲིག་གཞི་ལ་གཞོགས་འདེགས་བྱས་ནས་ཁོར་ཡུག་དུག་སེལ་དང་འཕྲོད་བསྟེན་རིམས་འགོག་ལས་དོན་སྤེལ་དགོས།

    བརྒྱད། འཕྲོ་ལུས་ས་འགུལ་བྱུང་བ་དང་ཡང་ན་ཞོར་ཐོན་གནོད་འཚེ་འབྱུང་བའི་ཚེ། རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུ་དང་། ཡུལ་དངོས་ཀྱི་བཀོད་འདོམས་ལ་ཉན་པ། གོ་རིམ་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱ་དགོས། གལ་ཏེ་ཐོལ་བྱུང་རིམས་ཚུལ་དང་འཕྲད་པ་ཡིན་ན་ངེས་པར་དུ་འཚུབ་བསྟུན་ཐད་གཅོད་ལས་དོན་ལ་གཞོགས་འདེགས་བྱས་ནས་ཡག་པོ་བསྒྲུབ་དགོས།

    སྤྱི་བསྒྲགས་འདི་འགྲེམ་སྤེལ་བྱས་ཉིན་ནས་ལག་ལེན་བསྟར་དགོས།




 

དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ།


 

2022ལོའི་ཟླ་བ9ཚེས5ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1