ན་དབྱང་གིས་ས་འགུལ་ཡོང་ཁུལ་དུ་འགུལ་འགོག་གནོད་སྐྱོབ་ལས་དོན་ལ་ཁྲིད་སྟོན་གནང་དུས། དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱས་ནས་ཉེན་སེལ་རོགས་སྐྱོབ་དང་ཕྱར་བ་གྲུ་འདེགས་ཀྱིས་རང་བྱུང་གནོད་འཚེར་ཁ་གཏད་མཉམ་གཅོག་བྱས་ཏེ། འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དཀའ་ཚེགས་ཆེ་བ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱ་དགོས་པའི་ནན་གསུང་གནང་།
སྤྱི་ཟླ9པའི་ཚེས6ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེ་ཐེབས་ཡུལ་ཚབས་ཆེ་ཤོས་ཏེ་གདན་ཐོག་གྲོང་རྡལ་དུ་འགུལ་འགོག་གནོད་སྐྱོབ་ལས་དོན་ལ་ཁྲིད་སྟོན་གནང་དུ་ཕེབས་ཤིང་། གནོད་ཐེབས་མང་ཚོགས་དང་གནོད་སྐྱོབ་ཡུལ་དངོས་ཀྱི་འཚུབ་བསྟུན་དང་དྲག་ཆས་ཉེན་རྟོག། མེ་གསོད་སོགས་མི་སྣ་དང་། གཞི་རིམ་ལས་བྱེད་པ་སོགས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག། ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་གཙོ་སྐྱོང་གནང་ནས་ཉེན་སེལ་གནོད་སྐྱོབ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་།
ཧྲེན་དབྱང་གིས་ད་སྔ་ནི་ས་འགུལ་བྱུང་རྗེས་མྱུར་སྐྱོབ་ཀྱི་དུས་རིམ་ཆེས་བཟང་ཤོས་ཡིན། རིམ་ཁག་དང་སྡེ་ཁག་དང་། དེ་བཞིན་རིགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱེད་ཅིང་། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོང་ཞིང་། དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་ལེན་བྱས་ནས་ཉེན་སེལ་རོགས་སྐྱོབ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱེད་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་མི་སྣ་ཤི་རྨས་མི་འབྱུང་བ་བྱེད་ཅིང་། ཕྱར་བ་གྲུ་འདེགས་ཀྱིས་རང་བྱུང་གནོད་འཚེར་ཁ་གཏད་མཉམ་གཅོག་བྱས་ཏེ། འགུལ་འགོག་གནོད་སྐྱོབ་ཀྱི་དམག་འཐབ་དཀའ་ཚེགས་ཆེ་བ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བར་བྱ་དགོས་པའི་ནན་གསུང་གནང་བ་རེད།
ཧྲེན་དབྱང་གིས་གནོད་ཐེབས་མང་ཚོགས་ལ་བློ་རྩ་བརྟན་པོ་དང་དཔའ་ངར་ཞུམ་མེད་བྱ་དགོས་པའི་སྐུལ་མ་གནང་ཞིང་། ཏང་ཨུ་དང་སྲིད་གཞུང་གིས་ཚང་མ་ཁྲིད་དེ་དཀའ་ཉེན་ལས་བསྒྲལ་ནས་ཁྱིམ་གཞིས་གསར་འཛུགས་ཐུབ་ངེས་པའི་ཡིད་ཆེས་ཡོད་དགོས་པར་བསྟན། རོགས་སྐྱོབ་སྟོབས་ཤུགས་ཕྱོགས་ཁག་གིས་མུ་མཐུད་དེ་ངལ་དུབ་ལ་མི་འཛེམ་པ་དང་འཐབ་འཛིང་རྒྱུན་མཐུད་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་ཞིང་། ཆེད་ལས་ཀྱི་མཐུན་རྐྱེན་འདོན་སྤེལ་དང་གཙོ་ཤུགས་དམག་གི་ནུས་པ་བཏོན་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་མྱུལ་འཚོལ་དང་ཚེ་སྲོག་མྱུར་སྐྱོབ་བྱ་དགོས་པའི་ཐུགས་རེ་གནང་།
ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་སུ་ཧྲེན་དབྱང་གིས་བཀོད་འདོམས་ལས་ཆོད་ཆེ་ལ། བཀོད་གཏོང་ཚན་རིག་དང་མཐུན་པ། སྟོབས་ཤུགས་ཡོད་ལ་གོ་རིམ་ཡོད་པའི་སྒོ་ནས་ཉེན་སེལ་གནོད་སྐྱོབ་ཀྱི་ལས་དོན་ཁག་སྤེལ་དགོས་པ་དང་། གནོད་པ་ཐེབས་ཉེན་ཡོད་པའི་མང་ཚོགས་དེ་མ་ཐག་གནས་སྤོ་བྱས་ཏེ། གནོད་ཐེབས་མང་ཚོགས་ལ་ཟས་བཟའ་རྒྱུ་ཡོད་པ་དང་ཆུ་གཙང་མ་འཐུང་རྒྱུ་ཡོད་པ། གོས་གྱོན་རྒྱུ་ཡོད་པ། སྨན་བཅོས་ཀྱི་ཞབས་ཞུ་ཡོད་པ། སྡོད་ཁང་ཉེན་མེད་ཡོད་པ་བཅས་ཁག་ཐེག་བྱ་དགོས། དེ་བཞིན་རྐྱེན་ལམ་ཤོར་མཁན་ཁྱིམ་ཚང་གི་སེམས་གསོ་རྗེས་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། གཏོར་བཤིག་ཐེབས་པའི་རྨང་གཞི་སྒྲིག་ཆས་ཞིག་གསོ་མགྱོགས་པོ། ཉེན་ཁ་མི་མངོན་པ་ཚགས་བཤེར། ཞོར་ཐོན་གནོད་འཚེ་འབྱུང་བར་འགོག་ཟོན། རིམས་ཚུལ་འགོག་ཟོན་ལས་དོན་དམ་འཛིན་སོགས་ཡག་པོ་བྱ་དགོས་པའི་ནན་གསུང་གནང་བ་རེད།།