ཁོ་ཚོས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09



        སྤྱི་ལོ་2022ལོའི་ཟླ་9པའི་ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཐོག །སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་6.8ཅན་ཞིག་བྱུང་ནས། ས་གནས་དེ་དང་ཉེ་འཁོར་གྱི་ས་གནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཐད་གྱོང་གུད་ཚབས་ཆེན་ཐེབས་པ་རེད། ཕྱོགས་གཅིག་ལ་དཀའ་ངལ་ཡོད་དུས། ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད། སི་ཁྲོན་གནོད་འཚེ་ལ་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁུར་བྱས་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་ཞལ་འདེབས་ཕུལ་འགོ་བརྩམས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)གྱི་རྒྱ་གྲམ་དམར་པོའི་ཚོགས་པ་དང་བྱམས་བརྩེ(སྤྱི་ཁྱབ)ཚོགས་པ། ཐེབས་རྩ་ཚོགས་པ་སོགས་ཀྱིས་ཞལ་འདེབས་ཕུལ་ནས་བརྩེ་སེམས་མཚོན་པར་བྱས། 

        སྤྱི་ཟླ་9པའི་ཚེས་7ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བས《སི་ཁྲོན་ཞིང་ཆེན“9·5”ལྕགས་ཟམ་ཁའི་ས་འགུལ་འགུལ་འགོག་གེགས་སྐྱོབ་ཞལ་འདེབས་ཕུལ་བའི་སྤྱི་བསྒྲགས》སྤེལ་བ་དང་། སྤྱི་བསྒྲགས་སུ་ཞལ་འདེབས་ཕུལ་མཁན་གྱི་ལས་ཁུངས་དང་མི་སྒེར་ཁག་ཅིག་གི་མིང་ཐོ་བཀོད་ཡོད་ལ། གནོད་ཐེབས་ཁུལ་གྱི་མི་དམངས་ཚོའི་ཚབ་བྱེད་ནས་ཞལ་འདེབས་ཕུལ་མཁན་གྱི་ལས་ཁུངས་དང་མི་སྒེར་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བློ་སེམས་རྣམ་དག་གིས་གུས་འདུད་ཞུས་པ་རེད། ། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1