རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དུ་བསྟུན་མར་ཉིན་འགའ་ལ་མཛོད་དགེ་རྫོང་གིས་དམངས་ཡོང་ལ་ཉིང་སྐྱུར་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་ཀྱི་གྲངས་འོར་ཡང་ཇེ་མང་དུ་ཕྱིན། གཞི་རྒྱ་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་དེ་ནི་ཕྱོགས་སོ་སོའི་རོགས་སྐྱོར་དང་ཁ་བྲལ་ཐབས་མེད། ཟླ་9པའི་ཚེས་4དང་5ཉིན་གྱི་དགོང་མོར། མེན་དབྱང་དང་ལེ་ཧྲན་ནས་ཡོང་པའི་ཉིང་སྐྱུར་བརྟག་དཔྱད་རུ་ཁག་མཛོད་དགེ་ལ་འབྱོར་ནས་རིམས་འགོག་ལས་ཀར་རོགས་སྐྱོར་བྱས།