ཟླ་9ཚེས་7ཉིན། གསར་འགོད་པར་སི་ཁྲོན་ཧྲི་མན་རྫོང་ཚའོ་ཁོ་ཤང་དུ་སྐྱོད་སྐབས་ཧྲི་མན་རྫོང་ཚའོ་ཁོ་ཤང་ལྟེ་བའི་སློབ་ཆུང་དུ་དགེ་རྒན་དང་ལས་བཟོ་པའི་སྒྲིག་འཛུགས་འོག་སློབ་གྲྭ་དེ་གའི་སློབ་མ་118ཀྱི་སློབ་སྦྱོང་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བཞིན་ཡོད་པ་མཐོང་།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་བརྒྱབ་ཚུན་ཚའོ་ཁོ་ཤང་དུ་སྐྱོད་པའི་གཞུང་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་གནས་སྐབས་ཕྱི་རོལ་དང་འབྲེལ་བ་བྱེད་ཐབས་བྲལ་བར་གྱུར་ཡོད། ཚེས་6ཉིན་གྱི་ཕྱི་དྲོར་རོགས་སྐྱོབ་མི་སྣ་རྐང་ཐང་མར་དེ་གར་འབྱོར་བ་དང་འབྲེལ་ཐད་འཕུར་གནམ་གྲུ་འབབ་ས་ལེགས་གྲུབ་ལྡན་པའི་ངང་བཟོས་ནས་ཕྱི་རོལ་དང་འབྲེལ་བ་བྱེད་པའི“ཚེ་སྲོག་གི་བགྲོད་ལམ”བཏོད་པ་རེད།