ས་འགུལ་ཁྲོད་རྐྱེན་ལམ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-12


 

        སྤྱི་ཟླ་9པའི་ཚེས་12ཉིན་གྱི་ཉིན་གུང་དུ། “9·5”ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་6.8བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་བའི་བྱེད་སྒོ་དེ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་། གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་ཞིན་མེན་ཁྲོམ་ལམ་དུ་དུས་གཅིག་ཏུ་སྤེལ་བ་རེད། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ནུབ་རྒྱུད་དམག་ཁུལ་གྱི་དམག་སྤྱི་ཝང་ཧའེ་ཅང་རྣམ་གཉིས་ལྕགས་ཟམ་ཁ་རུ་བྱེད་སྒོར་ཞུགས་པ་དང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་ཧྲི་མེན་དུ་བྱེད་སྒོར་ཞུགས།

 

        ཆུ་ཚོད་12དང་སྐར་མ་50ཡི་ཐོག །ཝང་ཞའོ་ཧུའེ་དང་། ཝང་ཧའེ་ཅང་། ས་གནས་དེ་གར་ཉེན་འགོག་རོགས་སྐྱོབ་ཏུ་ཞུགས་པའི་ལས་རིགས་ཁག་གི་འཐུས་མི་བཅས་ཀྱི་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་སྒམ་བརླིང་ངང་ལངས་ཡོད། ཆུ་ཚོད་12དང་སྐར་མ་52ཐོག །“9·5”ཡི་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་6.8བྱུང་བའི་དུས་ཚོད་ནང་མཁའ་ཟོན་ཉེན་བརྡ་གཏོང་བའི་སྒྲ་འབོ་ཞབས་གྲོང་རྡལ་གྱི་མཁའ་དབྱིངས་སུ་གྲགས་པ་དང་ཚང་མས་གཟབ་ནན་གུས་བཀུར་གྱི་ངང་ནས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་སྐར་མ་3ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས་བརྩེ་སེམས་ཟབ་མོའི《དྲན་གསོའི་རོལ་དབྱངས》དང་བསྟུན་ནས། ཝང་ཞའོ་ཧུའེ་དང་ཝང་ཧའེ་ཅང་གིས་སྔ་རྗེས་སུ་གོམ་པ་དལ་མོའི་ངང་མདུན་དུ་བསྐྱོད་དེ་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མེ་ཏོག་ཕུལ་ནས་མྱ་ངན་ཞུས། དུས་མཚུངས་སུ་ཧྲི་མེན་རྫོང་གི་མྱ་ངན་བྱེད་སྒོ་སྤེལ་ཡུལ་དུ་ཧོང་ཆང་དང་ལས་རིགས་ཁག་གི་འཐུས་མིས་མཉམ་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་མེ་ཏོག་ཕུལ།

 

        ཚང་མས་བཤད་རྒྱུར། འདས་ཟིན་པའི་སྤུན་ཟླར་སེམས་གསོ་ལེགས་ཤོས་ནི་སེམས་སྡུག་ཁྲོད་བསྐྱར་དར་དང་གེགས་བར་ཁྲོད་དར་རྒྱས་ཡོང་བ་བྱས་ནས། སོ་སོའི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུ་དེ་རེད། 

        དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)སོ་སོས་དུས་མཚུངས་སུ“9·5”ཡི་ས་འགུལ་རིམ་པ་6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུ་བའི་བྱེད་སྒོ་སྤེལ། ། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1