ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་རིམས་ནད་ཚོད་འཛིན་དང་ཆར་ཆུ་མང་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་བརྔ་བསྡུ་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ། སྟོན་བསྡུའི་ལས་དོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཉིས་ཀ་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་5ཉིན་བར་རྫོང་ཡོངས་སུ་འབྲུ་རིགས་ཐོན་འབབ་མུའུ་ཁྲི་9ལྷག་ཙམ་ཟིན་ཡོད་པ་རེད།