ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་གནང་ནས་དབྱིན་ཇིའི་རྒྱལ་པོ་ཁྲར་སི་ཁྲི་ཐོག་གསུམ་པ་རྒྱལ་པོའི་ཁྲི་ལ་མངའ་གསོལ་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་པོ་ཁྲར་སི་ཁྲི་ཐོག་གསུམ་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ། ཁྲར་སི་ཁྲི་ཐོག་གསུམ་པ་རྒྱལ་པོའི་ཁྲི་ལ་མངའ་གསོལ་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་དབྱིན་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་ཏག་ཏག་འཁེལ་བས། ངས་ཁྲར་སི་རྒྱལ་པོ་ཁྲི་ཐོག་གསུམ་པ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་བྱེད་མང་དུ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། མཛའ་གྲོགས་སྤེལ་རེས་དང་གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞིའི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།