གུར་ནང་གི་སློབ་ཚན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-13


 


འདི་ནི་ཟླ་9ཚེས་10ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་གི་སློབ་འབྲིང་གཉིས་པའི་ས་ཡོམ་གྱི་གེགས་རྗེས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ། ལུའོ་ལན(མདུན་གྱི་གཡོན་གྱི་དང་པོ)གྱིས་ཕྲུ་གུ་ཚོ་བང་སྒྲིག་ཏུ་བཅུག་སྟེ་ཁོ་ཚོར“གུར་ནང་གི་སློབ་ཚན”འཁྲིད་རྩིས་བྱེད་བཞིན་པ། 


འདི་ནི་ཟླ་9ཚེས་10ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་གི་སློབ་འབྲིང་གཉིས་པའི་ས་ཡོམ་གྱི་གེགས་རྗེས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ། ལོའུ་ལན་དང་དང་བླངས་པའི་དགེ་རྒན་གཞན་དག་གིས་ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་བའི་གཏེར་མདོ་གྲོང་རྡལ་གྱི་ཕྲུ་གུ་ཚོ་དང་མཉམ་དུ་འཇའ་ཚོན་ཉི་གདུགས་ཀྱི་རྩེད་མོ་རྩེ་བཞིན་པ། 


        འདི་ལོ་ལོ་32ལ་སླེབས་པའི་ལུའོ་ལན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་ལེང་ཆི་གྲོང་རྡལ་བུ་བཅོལ་ཁང་གི་དགེ་རྒན་ཞིག་རེད། “9·5”ལྕགས་ཟམ་རྫོང་དུ་ས་ཡོམ་བརྒྱབ་རྗེས་ཁོང་གིས་ཉིན་གཉིས་པར་རང་འགུལ་ངང་ལྕགས་ཟམ་རྫོང་གི་སློབ་འབྲིང་གཉིས་པའི་གེགས་རྗེས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་དང་བླངས་པ་བྱས། དེ་གར་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་ཚབས་ཆེ་བའི་གཏེར་མདོ་གྲོང་རྡལ་གྱི་མང་ཚོགས་བརྒྱ་གྲངས་ལ་ཞབས་འདེགས་ཞུས་ཡོད། ཡུལ་གཞན་ནས་བཀོད་སྒྲིག་བྱས་པའི་མང་ཚོགས་ནང་ལོ་ན་མི་འདྲ་བའི་ཕྲུ་གུ་50ཙམ་ཚུད་ཡོད། ལུའོ་ལན་གྱིས་དགེ་རྒན་གཅིག་པ་ཡིན་པའི་དང་བླངས་པ་གཞན་དང་མཉམ་དུ་བཀོད་སྒྲིག་གུར་གསུམ་སྤྱད་ནས“གུར་ནང་གི་སློབ་ཚན”ཁྲིད་དེ། ཕྲུ་གུ་ཚོར་རི་མོ་འབྲི་སྟངས་དང་། དཔེ་དེབ་ཀློག་སྟངས། རྩེད་མོ་རྩེ་སྟངས། ལག་ཤེས་བཟོ་རྩལ་བཅས་བསླབས་ཏེ། ས་ཡོམ་ཁྲོད་སེམས་ལ་ཕོག་ཐུག་བྱུང་བའི་ཕྲུ་གུ་ཚོར་ལྟ་རྟོག་ཞིབ་ཚགས་དང་རོགས་པ་ཧུར་ཐག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1