སི་ཁྲོན་གྱི་རིམས་ནད་གནས་ཚུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-13



        སྤྱི་ཟླ་9པའི་ཚེས་12ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།

        ས་གནས་རང་ནས་གཏན་འཁེལ་ནད་པ་126གསར་དུ་འཕར་ཡོད་དེ། ཁྲེང་ཏུའུ་རུ་18དང་། ནེ་ཅང་ལ་49དང་། དབྱི་པིན་ལ་17དང་། ཀོང་ཡོན་ལ་4དང་། སུའེ་ཉིང་ལ་3དང་། ཀོང་ཨན་ལ་2དང་། རྔ་བ་ལ་2དང་། ལུའུ་ཀྲོའུ་ལ་1དང་། ལིའང་ཧྲན་ལ་1བཅས་འཕར་ཡོད། དེ་ལས་ནད་པ་29ནི་སྔར་གྱི་ནད་རྟགས་མེད་པའི་ནད་པ་དེ་གཏན་འཁེལ་ནད་པ་རུ་གྱུར་བ་རེད།(ཁྲེང་ཏུའུ་ལ་11དང་། ལུའུ་ཀྲོའུ་ལ་12དང་། དབྱི་པིན་ལ་5དང་། རྔ་བ་ལ་1བཅས་འཕར་ཡོད།)

        ས་གནས་རང་ནས་ནད་རྟགས་མེད་པའི་ནད་པ་84གསར་དུ་འཕར་ཡོད་དེ། ཞིང་ཆེན་གཞན་ནས་ཕྱིར་སི་ཁྲོན་དུ་ལོག་མཁན་དག་གཅིག་བསྡུས་སྒོ་བཀག་ལོག་བཀར་བྱས་ཟིན་པའི་ནང་ནས་ནད་པ་1དང་། ཁྲེང་ཏུའུ་རུ་26དང་། དབྱི་པིན་ལ་13དང་། ནེ་ཅང་ལ་11དང་། ལུའུ་ཀྲོའུ་ལ་9དང་། ཏ་ཀྲོའུ་ལ་8དང་། སུའེ་ཉིང་ལ་7དང་། རྔ་བ་ལ་3དང་། ནན་ཁྲང་ལ་2དང་། ཕན་ཀྲི་ཧྭ་ལ་2དང་། ཀོང་ཨན་1དང་། ཀོང་ཡོན་ལ་1བཅས་འཕར་ཡོད།

        ཕྱི་ནས་ནང་དུ་ཡོང་པའི་གཏན་འཁེལ་ནད་པ་3གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན། དེ་ལས་ནད་པ་2ནི་སྔར་གྱི་ནད་རྟགས་མེད་པའི་ནད་པ་དེ་གཏན་འཁེལ་ནད་པ་རུ་གྱུར་བ་རེད)

        ཕྱི་ནས་ནང་དུ་ཡོང་བའི་ནད་རྟགས་མེད་པའི་ནད་པ་4གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)

        དྲག་ནས་སྨན་ཁང་ནས་ཐོན་མཁན་65གསར་དུ་འཕར་ཡོད་ལ། དོགས་ཡོད་ནད་པ་དང་ཚེ་ལས་འདས་པའི་ནད་པ་གསར་དུ་འཕར་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1