སྟོན་ལོ་བསྡུའི་སྐབས་སུ་རིམས་ནད་ལ་འཕྲད་པ་དང་། ལོ་བསྡུའི་དུས་ཚོད་འགོར་འགྱངས་བྱེད་མི་རུང་། ཟླ་9ཚེས་10ཉིན་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་པད་ཁའི་ཞིང་སར། སི་ཁྲོན་ཞིང་ཆེན་སྐྱ་ཆུ་ཕྱུགས་རའི་ལས་བཟོ་པ་ཚོས་བརྔ་བསྡུ་འཕྲུལ་འཁོར་བསྐོར་ནས་སྨིན་ལེགས་པའི་པད་ཁ་བརྔ་བསྡུ་བྱེད་ཀྱིན་འདུག