ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་རྫོང་དུ་གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བདེ་འགོད་ལས་ཀར་རྟོག་ཞིབ་དང་མཛུབ་སྟོན་གནང་།
ཟླ་9པའི་ཚེས་12་ཉིན་གྱི་ཕྱི་དྲོར། ལྕགས་ཟམ་རྫོང་དུ་སྤེལ་བའི་“9·5”ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ལ་མྱ་ངན་ཞུ་བའི་བྱེད་སྒོ་མཇུག་བསྒྲིལ་རྗེས། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དུ་གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བདེ་འགོད་ལས་ཀར་རྟོག་ཞིབ་དང་མཛུབ་སྟོན་གནང་བ་རེད། ཁོང་གི་གནོད་སེལ་རྒུད་སྐྱོབ་ལས་ཀ་རེ་ཞིག་མཇུག་བསྒྲིལ་བ་དང་། གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བདེ་འགོད་ལས་ཀ་གཙོ་བོར་བཟུང་ནས། ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་རིགས་བགོས་ཇུས་འདོན། བར་བརྒལ་བདེ་འགོད་ལས་ཀ་སོ་སོ་དམ་འཛིན་ནན་མོ་བྱས་ནས། གནོད་ཐེབས་མང་ཚོགས་ཡོངས་ཀྱི་ནང་སེམས་བདེ་ལ་འབབ་ཐུབ་པ་དང་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་གསུངས།