ཁྱོད་ཀྱིས་ཏོག་གསར་ནད་དུག་དཔེ་བཤེར་ཐུར་ལེན་སྐོར་གྱི་ཤེས་བྱ་ཧ་ཨེ་གོ། ཉེ་ཆར་སི་ཁྲོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚན་རིག་ཁྱབ་གདལ་བརྙན་ཐུང་བཏང་ཡོད་པས་ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་བྱེད།
གནད་དོན་དང་པོ། ཏོག་གསར་ནད་དུག་དཔེ་བཤེར་བྱེད་དུས་སྤྱད་རྒྱུ་དེ་སྲིང་ཐུར་ཨེ་རེད།
ལན། སྲིང་ཐུར་མིན། དཔེ་བཤེར་ཐུར་ལེན་རེད།
གནད་དོན་གཉིས་པ། དཔེ་བཤེར་ཐུར་ལེན་ཟེར་བ་ཅི་ཞིག་རེད། སྲིང་ཐུར་དང་མི་འདྲ་ས་ཅི་ཡོད་རེད་ཟེར་ན།
ལན། དཔེ་བཤེར་ཐུར་ལེན་ཞེས་པ་ནི་ནད་དུག་དང་ཕྲ་སྲིན་སོགས་དཔེ་གཞི་སྡུད་ཡས་ཀྱི་ཡོ་བྱད་ཅིག་ཡིན་ལ། སྤྱིེར་ཐུར་ལེན་གྱི་འགོ་དང་དབྱུག་ཐུར་ལས་གྲུབ་ཡོད།
དེ་གཉིས་མི་འདྲ་ས་གཙོ་བོར་རྒྱུ་ཆ་དང་སྤྱོད་སྒོའི་ཐད་རེད།
སྲིང་ཐུར་གྱི་འགོའི་རྒྱུ་ཆ་ནི་སྨན་སྤྱོད་ཞག་མེད་སྲིང་བལ་ཡིན་ཞིང་དབྱུག་ཐུར་ནི་སྟག་པ་ཤིང་དང་སྨྱུག་ཐུར་ཡིན། ནམ་རྒྱུན་རྨ་ཁ་བཀྲུ་བ་དང་སྨན་ཆུ་སྐུད་པ་སོགས་ལ་སྤྱད་ཀྱི་ཡོད།
དཔེ་བཤེར་ཐུར་ལེན་གྱི་འགོ་མང་ཆེ་བ་ནི་འདུས་འདྲེས་ཞག་སྟེ་ཏི་ལུན་དང་། འདུས་འདྲེས་ཞན་ཨེན་ཏེ་ཉི་ལུང་སོགས་རྫས་འགྱུར་འདྲེས་སྦྱོར་ཚི་སྣ་ཁུ་ལུ་བཙུགས་པའི་ལག་རྩལ་སྤྱད་དེ་བཟོས་པ་ཡིན་ཞིང་། སྤྱིར་དབྱུག་ཐུར་ནི་སྨན་སྤྱོད་རིམ་པའིABSཡི་འགྱིག་ལས་གྲུབ་པ་ཡིན་ལ། རྒྱུན་དུ་ནད་དུག་དང་ཕྲ་སྲིན་གྱི་དཔེ་བཤེར་ཐད་སྤྱད་ཀྱི་ཡོད།
གནད་དོན་གསུམ་པ། ཏོག་གསར་ནད་དུག་བརྟག་བཤེར་ལ་དཔེ་བཤེར་ཐུར་ལེན་སྤྱད་དགོས་དོན་གང་རེད་ཟེར་ན།
ལན། དཔེ་བཤེར་ཐུར་ལེན་ཡང་སྲིང་ཐུར་དང་འདྲ་བར་དུག་མེད་གནོད་མེད་ཡིན་མོད། འོན་ཀྱང་སྲིང་ཐུར་དང་བསྡུར་ན་དཔེ་བཤེར་ཐུར་ལེན་ལ་དཔེ་གཞི་འཇིབ་ལེན་མི་བྱེད་པ་དང་། འཁྲུད་སླ་བ། གཅོད་སླ་བ། བཀོལ་སྤྱོད་བདེ་བ། བརྟག་བཤེར་གྱི་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པ་སོགས་ཀྱི་ལེགས་ཆ་ཡོད་པས། ཏོག་གསར་ནད་དུག་བརྟག་བཤེར་བྱེད་པར་དཔེ་བཤེར་ཐུར་ལེན་སྤྱད་པ་ལས་སྲིང་ཐུར་མི་སྤྱད་པ་རེད།