ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་བྱེད་འགོ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-16



     ཉེ་ཆར། ཁྲེང་ཏུའུ་ཚོང་ལས་ཚགས་པར་དང་ཧུང་ཤིང་གསར་འགྱུར་གྱི་གསར་འགོད་པས་ཧྲུའུ་ཏའོ་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྕགས་ཟམ་རྫོང་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུམ་མཚམས10ཡི་ནང་དུམ་མཚམས9སྔ་རྗེས་སུ་བསྐྱར་སྐྲུན་ལས་འགོ་བཙུགས་ཤིང་། ཁྱོན་ཡོངས་ནས་བསྐྱར་སྐྲུན་ཚད་བརྒྱ་ཆ35ལ་ཟིན་པ་དང་།སྔོན་དཔག་བྱས་ན་སྤྱི་ཟླ9པའི་ཚེས15ཉིན་བརྒྱ་ཆ60ལ་ཟིན་པ་རེད།



     ལྕགས་ཟམ་རྫོང་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ནི《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲྭ་བའི་འཆར་འགོད(2019ལོ་ནས2035ལོ་བར)》གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གཡག་རྔ་ནས་ཞི་ཁྲང་བར་དང་།གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་བའི་ཁྲོན་ནུབ་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཞིག་རེད།

 


     བདེ་བླག་ངང་བསྐྱར་སྐྲུན་ལས་འགོ་བཙུགས་པར་འགན་ལེན་བྱ་ཆེད།འཛུགས་སྐྲུན་རུ་ཁག་གིས་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ཨར་ལས་འཆར་འགོད་བཟོས་པ་དང་ཆབས་ཅིག། མི་མེད་གནམ་གྲུ་དང་མིས་བཟོས་བྱ་ཐབས་སྤྱད་དེ་ས་འགུལ་བྱུང་རྗེས་ཀྱི་ཉེན་མེད་མངོན་མེད་རྐྱེན་ངན་མུ་མཐུད་ནས་གྲལ་བཤེར་བྱས་ཏེ། མི་མངོན་རྐྱེན་ངན་བསལ་རྗེས་གཞི་ནས་ཨར་ལས་ལས་འགོ་བཙུགས་རྒྱུར་འགན་ལེན་བྱ་རྒྱུ་དང་། ནུས་པ་ལྡན་པའི་སྒོ་ནས་འགོག་ཟོན་དང་ལས་འཛོལ་བྱུང་བར་བཀག་སྡོམ་བྱ་དགོས།

 

     མིག་སྔའི་བར་ལྕགས་ཟམ་རྫོང་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུམ་མཚམས10ཡི་ནང་དུམ་མཚམས9སྔ་རྗེས་སུ་བསྐྱར་སྐྲུན་ལས་འགོ་བཙུགས་པ་རེད།དེའི་ནང་དུམ་མཚམསC1གི་ལས་ཡུལ4དང་།ཟམ་པ5།ཕུག་ལམ3།ཕན་ཚུན་ཤར་བགྲོད་ཀྱི་ཕྱོགས་བསྡུས་ལམ་ཐིག1བཅས་ཀྱི་བསྐྱར་སྐྲུན་ལས་ཀ་ཁྱོན་ཡོངས་ནས་སྤེལ་ཏེ་བསྐྱར་སྐྲུན་ཚད་བརྒྱ་ཆ100ལ་ཟིན་ཡོད། དུམ་མཚམསC2ལ་ས་འགུལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་པས།ལས་གཞི་པུའུ་ཁྱོན་བསྡོམས9ཡོད་པ་དང་།ཨར་ལས་བྱ་ཡུལ97ལ་ཤུགས་རྐྱེན་ཐེབས་ཡོད།མིག་སྔར་ཨར་ལས་བྱ་ཡུལ40བསྐྱར་སྐྲུན་ལས་འགོ་བཙུགས་པ་རེད།

 

     ལྕགས་ཟམ་རྫོང་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྕགས་ཟམ་རྫོང་ནས་སྲིབ་སྨད་བར་སྔོན་མར་ཆུ་ཚོད2.5འགོར་བ་དེ་ཆུ་ཚོད1བར་བསྟུངས་པ་དང་ཆབས་ཅིག   མྱུར་བགྲོད་གཞུང་ལམ་དེས་ད་དུང་ས་ཁོངས་ནང་གི་མྱུར་བགྲོད་གཞུང་ལམ་དང་ཞིང་ཆེན་དང་རྒྱལ་ཁབ་ཀྱི་གཞུང་ལམ་མང་པོ་དང་སྦྲེལ་མཐུད་བྱས་ཏེ། སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བ་སྔར་བས་འཐུས་ཚང་དུ་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1