ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-17



 

 འདི་ནི་མྱུར་བཟོ་མི་སྣས་ཉེན་རྟོག་སྦྱོང་བརྡར་རྟེན་གཞིའི་སྒྲོམ་ཚང་སྨན་ཁང་དུ་བསྐྱོད་ནས་ས་འོག་ཆུའི་ཆུ་འཐེན་འཕྲུལ་འཁོར་མྱུར་བཟོ་བྱེད་བཞིན་པ། 


འདི་ནི་བསམ་གྲུབ་རྩེ་ཆུས་ལུང་ཅང་ལམ་དུ་ལས་དོན་མི་སྣས་གཏོར་སྐྱོན་ཕོག་པའི་མེ་ཟོན་ཡོ་ཆས་མྱུར་བཟོ་བྱེད་བཞིན་པ།  

        རིམས་ནད་ཐོན་རིང་གཞིས་རྩེ་གྲོང་ཁྱེར་གྱིས་བདེ་འཇགས་ངང་ཆུ་མཁོ་འདོན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁུལ་གཙོ་བོར་རིམ་རྩིས་བྱས་ན། བདེ་འཇགས་ངང་ཆུ་ཏུན་ཁྲི་180ལྷག་ཙམ་མཁོ་འདོན་བྱས་པ་དང་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ་མ་ཟད། གཞི་ཁྱོན་ཆེན་པོར་ཆུ་ཆད་པའི་དོན་རྐྱེན་ཡང་ཐོན་མེད། འབྲེལ་ཡོད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལོགས་བཀར་དུ་འཇོག་སའི་གསོལ་མགྲོན་ཁང་དང་། ཚོད་ལྟ་ཁང་། སྒྲོམ་ཚང་སྨན་ཁང་སོགས་ལ་ཆུ་ཁྲིད་པའི་མདོང་ལམ་སྒྲིག་སྦྱོར་དང་མྱུར་བཟོ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1