༄༅།།ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད།

རྒན་ཕུན་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-19


 

༡    སྔར་དུས་གཡུ་ཐོག་རྙིང་མའི་རྣམ་ཐར་རྫུན་བཟོ་བྱས་པ་རེད་ཅེས་དགག་པ་གནང་མཁན་མང་པོ་བྱུང་འདུག   །འོན་ཀྱང་དེང་དུས་གཡུ་ཐོག་རྙིང་མའི་རྣམ་ཐར་ལ་ཞིབ་འཇུག་བྱེད་མཁན་མ་གཏོགས།  གཡུ་ཐོག་རྙིང་མ་མེད་ཅེས་ཐག་བཅད་ནས་སྨྲ་མཁན་ཁོ་བོས་ད་བར་དུ་མ་མཐོང་།    ཁོ་བོ་ནི་བན་བོན་གཉིས་ཀའི་གནའ་བོའི་ཡིག་ཆ་དག་ལ་འདྲ་མཉམ་དང་གུས་བཀུར་གྱིས་སྒོ་ནས་ཞིབ་འཇུག་བྱེད་མཁན་ཞིག་ཡིན་སྟབས།    《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་》དང་།   《བོད་ཡིག་ཚིག་གཏེར་རྒྱ་མཚོ།》   《གསོ་རིག་སྙིང་ནོར་གཅེས་བཏུས་》   སོགས་ཁོ་བོས་བརྩམས་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཐམས་ཅད་ནང་དུ་《རྣམ་ཐར་བཀའ་རྒྱ་མ་》ལ་གཞི་གཟུང་སྟེ།   གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀོད་ཡོད་ལ།  དུས་མཚུངས་སུ་དེ་ཉིད་ལོ་རྒྱུས་ཐོག་རྩོད་གཞི་ཅན་ཡིན་ཚུལ་ཡང་གསལ་བཤད་བྱས་ཡོད།    གཡུ་ཐོག་རྙིང་མ་ཡོད་མེད་གང་ཡིན་ཀྱང་དེས་བོད་ཀྱི་གསོ་རིག་ཡར་རྒྱས་འགྲོ་བ་ལ་ཕན་གནོད་གཉིས་ཀ་གང་ཡང་མ་མཐོང་།    སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་བར་གཡུ་ཐོག་རྙིང་མ་ཟེར་བའི་མིང་ཙམ་ཡང་ཡིག་རྙིང་དག་ལས་མཐོང་རྒྱུ་མེད་ཀྱང་།  དེས་བོད་ཀྱི་གསོ་རིག་འཕེལ་རྒྱས་འགྲོ་བའི་བཀག་རྡོ་གང་ཡང་བྱུང་མི་འདུག     དེས་ན་རི་བོང་རྭ་ཡོད་མེད་ཀྱི་ཆེད་དུ་ཁོང་ཁྲོ་དང་།  ང་རྒྱལ་གྱི་སྒོ་ནས་རྩོད་པ་ལ་འབད་དྲག་ན། རང་གི་ལུས་སེམས་ལ་གནོད་པའི་རྒྱུར་བྱེད་ངེས།   །  

༢   སྤྱི་ལོ་༡༦༠༠ལོའི་སྔོན་ལ།    《རྒྱུད་བཞི་》སངས་རྒྱས་ཀྱི་བཀའ་ཡིན་ཟེར་མཁན་རྣམས་ལ་དགག་པ་བྱེད་མཁན་ཁག་གཅིག་བྱུང་བ་དཔེར་ན།   ཀརྨ་པ་རང་བྱུང་རྡོ་རྗེ།   སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།   ཀརྨ་ཕྲིན་ལས་པ།   དཔའ་བོ་གཙུག་ལག་ཕྲེང་བ།    ཟུར་མཁར་བློ་གྲོས་རྒྱལ་པོ་ལ་སོགས་པ་བྱོན་ཡོད་ཅིང་།  ལྷག་པར་དུ་དཔའ་བོ་གཙུག་ལག་ཕྲེང་བ་དང་།  ཟུར་མཁར་བློ་གྲོས་རྒྱལ་པོ་རྣམས་ཀྱིས་《རྒྱུད་བཞི་》  རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པ་གསལ་པོར་གསུངས་ཀྱང་།   གཡུ་ཐོག་གཉིས་ཡོད་པའི་ཚིག་ཟུར་ཙམ་ཡང་མེད་པ་མ་ཟད་།  དེའི་གོང་གི་ཡིག་ཆའི་ནང་གཡུ་ཐོག་རྙིང་མ་ཟེར་བའི་མིང་ཙམ་ཡང་ད་བར་མ་མཐོང་།  ཟུར་མཁར་བས་《རྒྱུད་བཞི་》  བཀའ་ཡིན་པ་དགག་པ་ལ་ལན་དུ།   《རྒྱུད་བཞི་》རྒྱ་གར་ནས་དྲངས་ཡོང་བ་ཡིན་པའི་ཁུངས་རྫུན་མ་བཟོ་བའི་ཆེད་དུ་སྟོད་ལུང་སྨན་པ་ཀུན་ལེགས་ཀྱིས་གཡུ་ཐོག་རྙིང་མའི་《རྣམ་ཐར་བཀའ་རྒྱ་མ་》  བྱས་པ་ཡིན་ཚུལ་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་《གསོ་རིག་ཁོག་དབུབ་》  དུ་ཞིབ་གསལ་བསྟན་ཡོད་པས་འདི་ཡང་བསྐྱར་མ་སྨོས།   ། 

༣   གཡུ་ཐོག་རྙིང་མའི་《རྣམ་ཐར་བཀའ་རྒྱ་མ་》  དར་མོ་སྨན་རམས་པས་གཟིགས་སྐྱོང་གནང་ཞིང་ཤིང་སྤར་དུ་བརྐོས་པ་དང་།  རྒྱལ་བ་ལྔ་པ་ཆེན་པོས་དེ་ལ་རྒྱབ་སྐྱོར་གནང་བ་ནི་དོན་དངོས་ཀྱི་ལོ་རྒྱུས་རེད།   ། 

༤        སྡེ་སྲིད་སངས་རྒྱས་རྒྱ་མཚོས་《སྨན་གྱི་ཁོག་དབུབ་》 ནང་དུ།  “རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ་ནའང་།” ཞེས་ཡིད་མ་ཆེས་པའི་རྣམ་འགྱུར་དང་བཅས་པའི་སྒོ་ནས་གཡུ་ཐོག་རྙིང་མའི་རྣམ་ཐར་སྐོར་ཞིག་གསུང་ཡོད་པ་ནི།   སྐབས་དེར་རྒྱལ་བ་ལྔ་པ་ཆེན་པོས་དར་མོ་སྨན་རམས་པ་ལ་རྒྱབ་སྐྱོར་གནང་ཞིང་ཡོད་སྟབས་མངོན་གསལ་གྱི་སྒོ་ནས་དགག་པ་གནང་མ་ཕོད་ནའང་།  ལྔ་པ་ཆེན་པོ་སྐུ་གཤེགས་པའི་རྗེས་སུ་ཁོང་གིས་སྦྱིན་བདག་གནང་ནས་བཞེངས་པའི་སྨན་ཐང་བརྒྱད་ཅུའི་ནང་རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་གསོ་རིག་སྨན་གྱི་བླ་བརྒྱུད་བཀོད་པ་དེ་དག་གི་ནང་ན་གཡུ་ཐོག་རྙིང་མའི་ཚིག་ཟུར་ཙམ་ཡང་བཀོད་མི་འདུག    བོད་ལྗོངས་སྨན་རྩིས་ཁང་གི་སྨན་ཐང་གི་དེབ་དང་།   གནའ་དུས་ཨོ་རོ་སོག་ལ་ཉར་ཚགས་བྱས་ཤིང་ཕྱིས་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པའི་སྨན་ཐང་གཉིས་ཀ་ཕན་ཚུན་གོ་བསྡུར་བྱས་ཏེ་བལྟས་ཀྱང་དེ་དག་ཚང་མའི་བླ་རྒྱུད་ནང་དུ་གཡུ་ཐོག་རྙིང་མ་བཀོད་མི་འདུག   །འདིར་ཞལ་ཐང་ནང་དུ་བཀོད་པའི་བླ་བརྒྱུད་མི་འདྲ་བ་རྣམས་རེ་རེ་བཞིན་རེའུ་མིག་ཏུ་བཀོད་ཡོད་པར་འདིར་གཟིགས།   ། 

 གསོ་རིག་རྒྱུད་བཞིའི་བརྒྱུད་པ་རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་བཀོད་པ། 

   ཨང 

 བླ་བརྒྱུད་ཀྱི་མཚན། 

 ཨང 

 བླ་བརྒྱུད་ཀྱི་མཚན། 

   

   

    

 སངས་རྒྱས་སྨན་བླ། 

 ༢༡ 

 གཞོན་ནུ་ཡེ་ཤེས། 

   

 ཟུར་མཁར་མཉམ་ཉིད་རྡོ་རྗེ། 

    

 འཇམ་དཔལ་དབྱངས། 

 ༢༢ 

 གཡུ་ཐོག་འབུམ་སེང་། 

   

 སྐྱེར་རིག་བཀྲ་ཤིས་དབང་ཕྱུག 

    

 སྤྱན་རས་གཟིགས། 

 ༢༣ 

 གཙང་སྟོན་སངས་རྒྱས་རིན་ཆེན། 

   

 བསོད་ནམས་བཟང་པོ། 

    

 ནང་འཁོར་ཕྱག་ན་རྡོ་རྗེ། 

 ༢༤ 

 དོན་གྲུབ་རིན་ཆེན། 

   

 བསོད་ནམས་རིན་ཆེན། 

    

 ནང་འཁོར་ཀུན་དགའ་བོ། 

 ༢༥ 

 དོན་གྲུབ་རྒྱལ་མཚན། 

   

 རྫོགས་ཆེན་ཕྲིན་ལས་དོན་ཡོད། 

    

 འཚོ་བྱེད་གཞོན་ནུ། 

 ༢༦ 

 བྲང་ཏི་དཀོན་མཆོག་རྒྱལ་མཚན། 

   

 རིག་འཛིན་སྙིང་ཕུ་བ། 

    

 ནང་འཁོར་འོད་སྲུང་། 

 ༢༧ 

 བྲང་ཏི་དཔལ་ལྡན་འཚོ་བྱེད། 

   

 གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། 

    

 ནང་འཁོར་ཉེ་བ་འཁོར། 

 ༢༨ 

 ཟུར་ཐོག་མ་དབང་ཕྱུག་གྲགས། 

   

 རིག་འཛིན་ཕྲིན་ལྷུན་གྲུབ། 

    

 ཀླུ་སྒྲུབ། 

 ༢༩ 

 རིག་འཛིན་ཕུན་ཚོགས། 

   

 འགྱུར་མེད་གཏེར་བདག་གླིང་པ། 

   ༡༠ 

 དཔལ་ལྡན་ཕ་ཁོལ། 

 ༣༠ 

 ཟུར་མཁར་མཉམ་ཉིད་རྡོ་རྗེ། 

   

 བྱང་པ་རྣམ་རྒྱལ་གྲགས་བཟང་། 

   ༡༡ 

 ཁ་ཆེ་ཟླ་དགའ། 

 ༣༡ 

 ཚེ་འབུམ་པ། 

   

 མིའི་ཉི་མ་མཐོང་བ་དོན་ལྡན། 

   ༡༢ 

 པདྨ་འབྱུང་གནས། 

 ༣༢ 

 བྱར་པོ་པཎ་ཆེན། 

   

 བཀྲ་ཤིས་དཔལ་བཟང་། 

   ༡༣ 

 བཻ་རོ་ཙ་ན། 

 ༣༣ 

 མང་ཐོས་ཟླ་བའི་དབང་པོ། 

   

 དྲན་དབང་བསྟན་པ་དར་རྒྱས། 

   ༡༤ 

 རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན 

 ༣༤ 

 འཆི་གསོས་བློ་བཟང་རྒྱ་མཚོ། 

   

 བསོད་ནམས་ཆོས་འཕེལ། 

   ༡༥ 

 རྒྱལ་སྲས་མུ་ནེ་བཙན་པོ། 

 ༣༥ 

 དྲང་སྲོང་བསྟན་འཛིན་རྒྱལ་པོ། 

   

 གནའ་རིགས་བདུད་རྩི་འགྱུར་མེད། 

   ༡༦ 

 གཏེར་སྟོན་གྲྭ་མངོན། 

 ༣༦ 

 གླིང་སྟོན་བློ་བཟང་རྒྱ་མཚོ། 

   

 རྣམ་རྒྱལ་རྡོ་རྗེ། 

   ༡༧ 

 དབུས་པ་དར་གྲགས། 

 ༣༧ 

 སྨན་སྒོམ་གར་དབང་སྒོམ་ཆེ། 

   

   

   ༡༨ 

 རོགས་དཀོན་མཆོག་སྐྱབས། 

 ༣༨ 

 ཁྱབ་བདག་བློ་མཆོག་རྡོ་རྗེ། 

   

   

   ༡༩ 

 གཡུ་ཐོག་ཡོན་ཏན་མགོན་པོ། 

 ༣༩ 

 རྒྱལ་བ་ལྔ་པ་ཆེན་པོ། 

   

   

   ༢༠ 

 སུམ་སྟོན་ཡེ་ཤེས་གཟུངས 

   

 འདི་ཡན་གསན་ཡིག་ལྟར་རོ། 

   

   

     

གཡུ་ཐོག་བླ་བརྒྱུད་ལྟར་བཀོད་པ། 

   ཨང་ 

 བླ་བརྒྱུད་ཀྱི་མཚན། 

 ཨང 

 བླ་བརྒྱུད་ཀྱི་མཚན། 

 ཨང 

 བླ་བརྒྱུད་ཀྱི་མཚན། 

    

 སངས་རྒྱས་སྨན་བླ། 

 ༡༠ 

 བྲང་ཏི་དཔལ་ལྡན་འཚོ་བྱེད། 

 ༡༩ 

 ཀོང་ཆེན་ནམ་མཁའ་དཔལ། 

    

 གུ་རུ་པདྨ་འབྱུང་གནས། 

 ༡༡ 

 དཔལ་ལྡན་འཚོ་བྱེད། 

 ༢༠ 

 བདུད་འཇོམ་རྡོ་རྗེ། 

    

 མཁའ་འགྲོ་དཔལ་ལྡན་ཕྲེང་བ། 

 ༡༢ 

 ཟུལ་ཕུ་སྨན་ཆེན་རིན། 

 ༢༡ 

 ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། 

    

 གཡུ་ཐོག་ཡོན་ཏན་མགོན་པོ། 

 ༡༣ 

 བསོད་ནམས་དབང་པོ། 

 ༢༢ 

 རིག་འཛིན་ངག་གི་དབང་པོ། 

    

 སུམ་སྟོན་ཡེ་ཤེས་གཟུངས། 

 ༡༤ 

 རྣལ་འབྱོར་དམ་པའི་མཚན། 

 ༢༣ 

 ཆོས་དབྱིངས་རང་གྲོལ། 

    

 འཆི་གསོས་གཞོན་ནུ་ཡེ་ཤེས། 

 ༡༥ 

 དབེན་གནས་ཞིག་པོ་པ། 

 ༢༤ 

 རྒྱལ་བ་ལྔ་པ་ཆེན་པོ། 

    

 གཙང་སྟོན་སངས་རྒྱས་རིན་ཆེ། 

 ༡༦ 

 དཀོན་མཆོག་ཆོས་རྗེ། 

 ༢༥ 

 རིག་འཛིན་གཏེར་བདག་གླིང་པ། 

    

 རིན་ཆེན་རྡོ་རྗེ། 

 ༡༧ 

 ཟུར་མཁར་མཉམ་ཉིད་རྡོ་རྗེ། 

   

   

    

 དོན་གྲུབ་རྒྱལ་མཚན། 

 ༡༨ 

 དཀོན་མཆོག་དཔལ་བཟང་། 

   

   

     

   བདུད་རྩི་བུམ་པའི་བླ་བརྒྱུད། 

   

 ༢༡ 

 ཟུར་ཆེན་ཆོས་དབྱིངས་རང་གྲོལ། 

   ཨང 

 བླ་བརྒྱུད་ཀྱི་མཚན། 

 ཨང 

 བླ་བརྒྱུད་ཀྱི་མཚན། 

   

 ༢༢ 

 རྒྱལ་བ་ལྔ་པ་ཆེན་པོ། 

    

 སངས་རྒྱས་སྨན་བླ། 

 ༡༡ 

 གཡུ་ཐོག་མགོན་པོ། 

 ༢༣ 

 ཟུར་ཆེན་གཞོན་ནུ་དོན་གྲུབ། 

    

 འཇམ་པའི་དབྱངས། 

 ༡༢ 

 གཡུ་ཐོག་འབུམ་སེང་། 

   

 བླ་བརྒྱུད་ཐོར་བུ། 

    

 སྤྱན་རས་གཟིགས། 

 ༡༣ 

 བྲང་ཏི་འཇམ་དཔལ་རྒྱལ་མཚན། 

 ཨང 

 བླ་བརྒྱུད་ཀྱི་མཚན། 

    

 ཕྱག་ན་རྡོ་རྗེ། 

 ༡༤ 

 མཁྱེན་ལྡན་ཆོས་མཛད་དཀར། 

  

 མཁན་ཆེན་ཤཱཀྱ་དབང་ཕྱུག 

    

 པདྨ་འབྱུང་གནས། 

 ༡༥ 

 བྱམས་པ་རིན་ཆེན། 

  

 བསོད་ནམས་རྒྱལ་མཚན། 

    

 མཁའ་འགྲོ་དཔལ་ལྡན་ཕྲེང་བ། 

 ༡༦ 

 མངའ་རིས་པདྨ་དབང་རྒྱལ། 

  

 རིན་སྡིངས་བློ་བཟང་རྒྱལ་མཚན། 

    

 ཨོ་རྒྱན་གྲུབ་པའི་སྙིང་པོ། 

 ༡༧ 

 ལེགས་ལྡན་བདུད་འཇོམས། 

  

 དྲང་སྲོང་བསྟན་འཛིན་རྒྱ་མཚོ། 

    

 ཐུགས་སྲས་རིན་ཆེན། 

 ༡༨ 

 ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། 

  

 གླིང་སྟོན་བློ་བཟང་རྒྱ་མཚོ། 

    

 རྡོ་རྗེ་མགོན་པོ། 

 ༡༩ 

 ངག་གི་དབང་པོ། 

  

 ཆོས་དབྱིངས་རང་གྲོལ། 

   ༡༠ 

 དཔལ་ལྡན་ཚ་ལུང་པ། 

 ༢༠ 

 རིག་འཛིན་ཀུན་བཟང་དབང་པོ། 

  

 རྒྱལ་བ་ལྔ་པ་ཆེན་པོ། 

     

བརྒྱུད་པ་ཐོར་བུ་འགའ་ཞིག 

   ཨང་ 

 འབྲུམ་ནག་སྔགས་བཅོས་ཉམས་ཡིག་བླ་བརྒྱུད། 

 ཨང 

 བྱེ་བ་རིང་བསྲེལ་གྱི་བླ་བརྒྱུད་ཀྱི་མཚན། 

 ཨང 

 ཉམས་ཡིག་བརྒྱ་རྩའི་བླ་བརྒྱུད་ཀྱི་མཚན། 

    

 ཤོང་ཆེན་བསྟན་པའི་རྒྱལ་མཚན། 

  

 ཟུར་མཁར་མཉམ་ཉིད་རྡོ་རྗེ། 

  

 གོང་སྨན་དཀོན་མཆོག་ཕན་བདེ། 

    

 སྔགས་འཆང་བསོད་རྒྱལའ 

  

 སྐྱེམ་པ་ཚེ་དབང་། 

  

 རིན་སྡིངས་སེམས་དཔའ་བློ་བཟན་། 

    

 ཟུར་རིགས་ངག་དབང་ཕུན་ཚོགས། 

  

 བྱ་པོ་པཎ་ཆེན། 

  

 དྲང་སྲོང་བསྟན་འཛིན་རྒྱ་མཚོ། 

    

 སྤྲུལ་སྐུ་གཏེར་བདག་གླིང་པ། 

  

 མང་ཐོས་ཟླ་བའི་དབང་པོ། 

  

 དྲན་དབང་བྱང་ངོས་དར་རྒྱས། 

    

 རྒྱལ་བ་ལྔ་པ་ཆེན་པོ། 

  

 རིན་སྡིངས་བློ་བཟང་རྒྱ་མཚོ། 

  

 འཆི་སོས་སྨན་སྒོམ་ཆེན་པོ། 

     

   

  

 བསྟན་འཛིན་རྒྱ་མཚོ། 

  

 བི་མའི་ཡང་སྤྲུལ་ཁྲ་ཚང་པ། 

     

   

  

 བྱང་ངོས་དར་རྒྱས། 

  

 རྒྱལ་བ་ལྔ་པ་ཆེན་པོ། 

     

   

  

 སྨན་སྒོམ་པ། 

  

 གཏེར་ཆེན་ཆོས་ཀྱི་རྒྱལ་པོ། 

     

   

  

 བློ་མཆོག་རྡོ་རྗེ། 

  

 ཨཔྟི། 

     

   

 ༡༠ 

 རྒྱལ་བ་ལྔ་པ་ཆེན་པོ། 

 ༡༠ 

 ཆགས་པ་ཆོས་འཕེལ། 

     

གལ་སྲིད་རེའུ་མིག་ལ་ཡིད་མ་ཆེས་ན།   《གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ཞེས་བྱ་བ་བཞུགས་སོ།》  ཞེས་པ།  གཙོ་སྒྲིག་པ།   བྱམས་པ་འཕྲིན་ལས།    པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དུ།  སྤྱི་ལོ་༢༠༠༦ལོར་དཔར་སྐྲུན་བྱས་པ་དེ་ལ་གཟིགས་པར་ཞུ།    བོད་ཀྱི་གསོ་རིག་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ད་ལྟ་བཞུགས་པའི་ཞལ་ཐང་རྙིང་པ་ལ་ཞིབ་ཏུ་གཟིགས་འོས།   མ་འོངས་པར་གཡུ་ཐོག་རྙིང་མ་འདོད་མཁན་ཚོས་ཉིན་ཞིག་པོ་ཏཱ་ལའམ་དགོན་པ་ག་གེ་མོ་ཞིག་ན་འདུག་ཟེར་ནས་གཡུ་ཐོག་རྙིང་མ་ཡོད་པའི་ཞལ་ཐང་ཞིག་ཁྱེར་ཡོང་སྲིད་པ་དེའི་སྔོན་ལ་ང་ཚོས་བདེན་དོན་འདི་རྒྱུས་མངའ་ཡོད་པ་མཛོད་ཅིག   ། 

༥    སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་སྐོར།  《གསོ་རིག་སྨན་གྱི་ཁོག་དབུབ་ 》 ལས།       “ཟུར་ལུགས་ཀྱི་བརྒྱུད་པ་སྟོན་པ་སྨན་གྱི་བླ།   གསུང་པ་པོ་དྲང་སྲོང་རིག་པའི་ཡེ་ཤེས།   སྡུད་པ་པོ་དྲང་སྲོང་ཡིད་ལས་སྐྱེས།   འཚོ་བྱེད་གཞོན་ནུ།   དཔལ་མགོན་ཀླུ་སྒྲུབ།   དཔལ་ལྡན་དཔའ་བོ།   ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པ་དགའ་བ།   ལོ་ཆེན་བཻ་རོ་ཙ་ན།   མངའ་བདག་ཁྲི་སྲོང་ལྡེའུ་བཙན།   གཏེར་སྟོན་གྲྭ་པ་མངོན་ཤེས།  དབུས་པ་དར་གྲགས།   རོག་སྟོན་དཀོན་མཆོག་སྐྱབས།   རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ།   སུམ་སྟོན་ཡེ་ཤེས་གཟུངས།   འཚོ་བྱེད་གཞོན་ནུ་ཡེ་ཤེས།   གཡུ་ཐོག་མཁས་པ་འབུམ་སེང་།   གཙང་སྟོན་སངས་རྒྱས་རིན་ཆེན།   མཁས་པ་དོན་གྲུབ་རིན་ཆེན།   བསྟན་འཛིན་དོན་གྲུབ་རྒྱལ་མཚན།   བྲང་ཏི་དཀོན་མཆོག་རྒྱལ་མཚན།  བྲང་ཏི་དཔལ་ལྡན་འཚོ་བྱེད་དེ་འདི་ཡན་བྱེད་ལུགས་གཏེར་མ་དང་།   ཀུན་དགའ་བོ་དང་སློབ་དཔོན་པདྨ་སོགས་འདྲེན་ཚུལ་རྒྱས་བསྡུས་ལས་འདྲ་ཞིང་།   དེ་ནས་དགེ་སློང་ཚལ་པ་དབང་གྲགས།  མཁས་མཆོག་ཕུན་ཚོགས་བཟང་པོ།   ཟུར་མཁར་མཉམ་ཉིད་རྡོ་རྗེ།  སྐྱེམ་པ་ཚེ་འབུམ།   བྱར་པོ་པཎ་ཆེན།   དེའི་དངོས་སློབ་ཀྱི་ཐུབ་མོ་ཟླ་བའི་དབང་པོ།   ཆུ་ཤུལ་བློ་གྲོས་བརྟན་པའམ་བློ་བཟང་རྒྱ་མཚོ།   དྲང་སྲོང་བསྟན་འཛིན་རྒྱལ་པོ།   གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ། ”   

ཞེས་སོགས་ཟུར་ལུགས་ཀྱི་གསོ་རིག་རྒྱུད་བཞིའི་བླ་བརྒྱུད་གསལ་པོར་བཀོད་ཡོད་པ་དང་།   ཡང་།     《གསོ་རིག་སྨན་གྱི་ཁོག་དབུབ་ 》 ལས།       “དེ་ལྟར་བྱང་ལུགས་ལ་བཀའ་མ་དང་།  གཏེར་མའི་བརྒྱུད་པ་གཉིས་སུ་སྣང་བ།          【གཏེར་བརྒྱུད་ནི། 】   སྟོན་པ་སྨན་བླ།   གསུང་སྤྲུལ་ཡིད་ལས་སྐྱེས།   འཕགས་པ་ཀུན་དགའ་བོ།   འཚོ་བྱེད་གཞོན་ནུ།   ཨོ་རྒྱན་པདྨ།   མཁས་མཆོག་ཀླུ་སྒྲུབ།   སློབ་དཔོན་དཔའ་བོ།    ཁ་ཆེ་ཟླ་དགའ།   ལོ་ཆེན་བེེ་རོ་ཙ་ན།   ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།    སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས།  དབུས་པ་དར་གྲགས།   རོག་སྟོན་དཀོན་ཅོག་སྐྱབས།   བི་བྱི་སྨན་གཞོན།   ཟླ་འོད་གཞོན་ནུ།   ཞང་སྨན་ནག    རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ།    དེས་བི་ཇི་སོགས་མ་བརྒྱུད་པར་རོག་སྟོན་དཀོན་ཅོག་སྐྱབས་ཁོ་ནར་གསན་པའི་ལུགས་གཅིག་ཀྱང་མཆིས།    གཡུ་ཐོག་པར་སྲས་བརྒྱུད་དང་།  སློབ་བརྒྱུད་གཉིས་ཟུར་མཁར་བས་མི་གཅིག་པར་མཛད་འདུག་སྟེ་ཕྱི་མ་རྫའམ་སུམ་སྟོན་ཡེ་ཤེས་གཟུངས།   སུམ་སྟོན་ཡེ་ཤེས་ཀུན་དགའ།   སུམ་སྟོན་འབུམ་མེ།   ལུང་དམར་མགོན་པོ་རིན་ཆེན།    སྟག་སྡེ་བ་ཕག་སྟོན་ཤཱཀྱ་མགོན་པོ།   སྟག་སྡེ་སྤུག་མ་བ།   གཡུ་ཐོག་པའི་སྲས་བརྒྱུད་ལ་འབུམ་སེང་།   འཇམ་དཔལ།   བྲང་ཏི་འཇམ་དཔལ་བཟང་པོ།   དེ་སྲས་བྲང་ཏི་རྒྱལ་བཟང་།   གཅུང་བྲང་ཏི་དཔལ་ལྡན་འཚོ་བྱེད།   བྱང་སྨན་སངས་རྒྱས་རིན་ཆེན།   ལྷའི་སྨན་པ་བསོད་ནམས་རྡོ་རྗེ།   བྱམས་པ་དཀོན་མཆོག་རིན་ཆེན་ནམ་མིའི་ཉི་མ་མཐོང་བ་དོན་ལྡན།   བཀྲ་ཤིས་དཔལ་བཟང་།   ། 

      【བཀའ་མའི་བརྒྱུད་པ་ནི། 】   ཨོ་རྒྱན་ཆེན་པོས་འཚོ་བྱེད་གཞོན་ནུ་དང་།  ཀླུ་སྒྲུབ་གཉིས་ལ་གསན།   དེས་ལྷ་སྲས་མུ་ནེ་བཙན་པོ་ལ་རང་འགྱུར་དུ་གསུངས།   དེ་ནས་རིམ་པ་ལྟར་ཁྲི་སྲོང་ལྡེའུ་བཙན།   རལ་པ་ཅན་གཙང་མ།   རྒྱལ་པོ་རྡོ་རྗེ།   ལྷ་རྗེ་ལྷུན་གྲུབ།    རལ་པ་ཅན།   ལྷ་ལུང་རྣམ་གཉིས།   འོད་སྲུངས།   དཔལ་འཁོར་བཙན།  སྐྱིད་ལྡེ་ཉི་མགོན།   བཀྲ་ཤིས་བརྩེགས་པའི་དཔལ།   བཀྲ་ཤིས་དཔལ་ལྡེ།   ལྡེ་གཙུག་ལྡེ།   ཡེས་ཤེས་འོད།    རྩེ་ལྡེ།  ཟླ་འོད།   ཉི་འོད།   གྲགས་ལྡན།   བསོད་ནམས་རྡོ་རྗེ།   ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་།   མིའི་ཉི་མ་མཐོང་བ་དོན་ལྡན།  བཀྲ་ཤིས་དཔལ་བཟང་པོ།  འདི་ནས་བཀའ་གཏེར་གྱི་བརྒྱུད་པ་ཆུ་བོ་གཉིས་འདྲེས་སུ་སོང་བར་བཞེད། ”   ཞེས་གསུངས།   དེ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིགས་ཁོག་དབུབ་ཏུ།   ཟུར་ལུགས་རྒྱུད་བཞིའི་བླ་བརྒྱུད་དང་།   བྱང་ལུགས་བཀའ་གཏེར་གཉིས་ཀྱི་བླ་བརྒྱུད་གྲལ་དུ་གཡུ་ཐོག་རྙིང་མ་ཞེས་པའི་ཚིག་ཟུར་ཙམ་ཡང་མི་འདུག་པས་འདི་ལ་ཞིབ་ཏུ་གཟིགས་ཤིག   ། 

༦    གཡུ་ཐོག་རྙིང་མའི་《རྣམ་ཐར་བཀའ་རྒྱ་མ། 》   ལྟར་ན་གཡུ་ཐོག་རྙིང་མ་རྒྱུད་བཞི་གཏེར་ནས་དྲངས་མཁན་གྱི་གཏེར་སྟོན་ཡིན་སྟབས།  ཀོང་སྤྲུལ་རིན་པོ་ཆེས་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་》 ནང་གཡུ་ཐོག་རྙིང་མའི་རྣམ་ཐར་ཞིག་མི་འཇོག་པའི་རྒྱུ་མཚན་གང་ཡིན།    རྒྱུད་བཞི་གཏེར་ནས་བཏོན་པ་དེ་གཏེར་མའི་མཚན་ཉིད་མ་ཚང་པ་ཡིན་ནམ།    །  

༧  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཞུས་པའི་《རྒྱུད་བཞི་》བཤད་ཁྲིད་དང་།   ལུང་རྒྱུན་གཉིས་ཀའི་ནང་དུ་གཡུ་ཐོག་རྙིང་མ་ཟེར་བ་ཞིག་མི་སྣང་།     《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་》ལས།    “རྒྱུད་བཞིའི་བཤད་ཁྲིད་ཀྱི་རྒྱུན།  ཟུར་མཁར་ཁུ་དབོན་དང་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱི་ཞལ་ལུང་ཇི་ལྟར་བ་རྡེལ་འགྲེམས་ནས་བརྩམ་ས་བཅད་དང་སྦྱར་བའི་བཤད་པ།   ལེགས་པར་ནོས་པའི་རིང་བརྒྱུད་ནི།     བཅོམ་ལྡན་འདས་སྨན་གྱི་བླ་མ།   དྲང་སྲོང་རིག་པའི་ཡེ་ཤེས།   དྲང་སྲོང་ཡིད་ལས་སྐྱེས།   འཚོ་བྱེད་གཞོན་ནུ།   མགོན་པོ་ཀླུ་སྒྲུབ།   དཔལ་ལྡན་དཔའ་བོ།   པཎ་ཆེན་ཟླ་བ་མངོན་དགའ།   ལོ་ཆེན་བཻ་རོ་ཙ་ན།    རྗེ་ཁྲི་སྲོང་ལྡེའུ་བཙན།   གཏེར་སྟོན་གྲྭ་པ་མངོན་ཤེས།   དགེ་བཤེས་དབུས་པ་དར་གྲགས།   རོག་སྟོན་དཀོན་མཆོག་སྐྱབས།    གཡུ་ཐོག་ཡོན་ཏན་མགོན་པོ།    སུམ་སྟོན་ཡེ་ཤེས་གཟུངས།   འཚོ་བྱེད་གཞོན་ནུ་ཡེ་ཤེས།   མཁས་པ་འབུམ་སེང་།   གཙང་སྟོན་སངས་རིན།    མཁས་པ་དོན་གྲུབ་རིན་ཆེན།   བསྟན་འཛིན་དོན་གྲུབ་རྒྱལ་མཚན།   བྲང་ཏི་དཀོན་མཆོག་རྒྱལ་མཚན།   བྲང་ཏི་དཔལ་ལྡན་འཚོ་བྱེད།   ཟུལ་ཕུ་སྨན་མོ་ཆེ་པ།    སྨན་སྟོན་དབང་ཕྱུག་བཟང་པོ།    རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ།    ཕྲག་དབོན་དཀོན་མཆོག་དཔལ་བཟང་།   བྱམས་པའི་མཚན་ཅན།    པཎ་ཆེན་མགོན་པོ་དཔལ་བ།   སྲས་དོན་གྲུབ་ལེགས་པ།   སྨན་བླ་དོན་གྲུབ།    སྒམ་པོ་བ་མི་ཕམ་ཆོས་ཀྱི་དབང་ཕྱུག     འབྲི་གུང་ཆོས་ཀྱི་གྲགས་པ།    མཚུར་ཕུ་བླ་སྨན་པ་སྨན་མོ་ཆེ།    མཁྱེན་བརྩེ་གསལ་བྱེད།   ཨ་ལོ་ཆོས་དབང་།   ཀུན་མཁྱེན་ཆོས་ཀྱི་འབྱུང་གནས།    །ཡང་ན།   མཚུར་ཕུ་བླ་སྨན་པ།   སྔགས་གྲྭ་བསྟན་འཕེལ།   དྷརྨ་ཀ་ར་ནི་རྒྱུད་བཞིའི་བཤད་ཁྲིད་གཙོ་བོར་གྱུར་པ་ཡིན་ལ།   རྗེ་འདིས་ནི་རྒྱ་དཀར་ནག་གི་བརྟག་པ་སྨན་དཔྱད་མི་འདྲ་བ་དུ་མ་མཁས་པ་མཐའ་དག་ལས་གསན་པས་སྙིགས་དུས་ཀྱི་སྨན་གྱི་བླ་མའི་གོ་འཕང་བརྙེས་པ་ཡིན་ལ།    དེ་ནས་གསོ་རིག་མཐར་ཕྱིན་བཀྲ་ཤིས་འབུམ་པ།   འཚོ་བྱེད་གུ་རུ་ཚེ་དབང་།   རྒྱུད་དང་ལག་ལེན་ལ་ཆགས་ཐོགས་མེད་པའི་འཚོ་བྱེད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ།   ཀརྨ་ཚེ་དབང་རབ་བརྟན་ཟུང་ལས་བདག་གི་བསླབ་པའོ། ”    ཞེས་རྒྱུད་བཞིའི་ཁྲིད་རྒྱུན་གྱི་བླ་བརྒྱུད་གསལ་པོར་བཀོད་ཡོད་པ་དང་།   ། 

        ཡང་།   ཤོག་ངོས་དེའི་འདབ་ཕྲེང་ལས།    “རྒྱུད་བཞིའི་བཀླགས་ལུང་གི་བརྒྱུད་ཚུལ་ལ།   བཀའ་མའི་ལུགས་དང་།  གཏེར་མའི་ལུགས།   ཉེ་བརྒྱུད་ཀྱི་ལུགས་ཏེ་གསུམ་མོ།   དང་པོ་ནི།    【 བཀའ་མའི་བརྒྱུད་པ།】   སངས་རྒྱས་སྨན་གྱི་བླ་མ།   ཐུབ་པའི་དབང་པོ།   འཇམ་དབྱངས།   མཁན་ཆེན་བོ་དྷི་ས་ཏྭ།   ཁྲི་སྲོང་ལྡེའུ་བཙན།   མུ་ནེ་བཙན་པོ།   སད་ན་ལེགས།   ཁྲི་རལ་པ།  ལྷ་ལུང་དཔལ་གྱི་རྡོ་རྗེ།  མངའ་བདག་འོད་སྲུང་།   དཔའ་འཁོར་བཙན།   སྐྱིད་ལྡེ་ཉི་མ་མགོན།  བཀྲ་ཤིས་ལྡེ།   ཡེ་ཤེས་འོད།   མངའ་བདག་རྩེ་ལྡེ།   སྣར་བྱང་ཚུལ།   ཞུར་ཤེར་གྲགས།   ཟར་པ་དར་མ་རྒྱལ་མཚན།   ཁྲོ་མོ་ཆེ་བ།   སངས་རྒྱས་སྒོམ་པ།   བསོད་ནམས་ཡེ་ཤེས།    བསོད་ནམས་གྲགས་པ།   རྒྱལ་སྲས་ཆོས་རྫོང་པ།    མང་མཁར་ཚུལ་ཁྲིམས་དཔལ།   གཞོན་ནུ་རྒྱལ་མཆོག   འཇམ་དབྱངས་ཡེ་ཤེས་རྒྱལ།   སྭ་སྟོན་དཔལ་བཟང་།   བྱང་སེམས་ཀུན་མཆོག    སྡེ་གྲོལ་མཆོག    སྟག་ལུང་པ་ཁུ་དབོན།   ཏཱ་ར་ནཱ་ཐ།   རིན་ཆེན་རྒྱ་མཚོ།  ཀུན་དགའ་ཆོས་བསམ།   ཀུན་དགའ་མཐའ་ཡས།   ཀུན་བཟང་དབང་པོ།   ཚེ་དབང་ནོར་བུ།   ཕྲིན་ལས་ཤིང་རྟ།   ཕྲིན་ལས་ཡར་འཕེལ།    ཆོས་ཀྱི་སྣང་བ།   འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ་ཕྲིན་ལས་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་ལས།  བདག་བློ་གྲོས་མཐའ་ཡས་ཀྱིས་ཞུས་པའོ”།   །ཞེས་སོ།   ། 

       “གཉིས་པ།  【 གཏེར་མའི་བརྒྱུད་པ།】   བདེ་གཤེགས་སྨན་བླ།  རིག་པའི་ཡེ་ཤེས་མཆེད་ལྔ།   དྲང་སྲོང་ཡིད་ལས་སྐྱེས།   འཚོ་བྱེད་གཞོན་ནུ།   འཕགས་པ་ཀླུ་སྒྲུབ།   དཔལ་ལྡན་དབང་པོ།   ཁ་ཆེ་ཟླ་དགའ།   ལོ་ཆེན་བཻ་རོ་ཙ་ན།   ཁྲི་སྲོང་ལྡེའུ་བཙན།   གཏེར་སྟོན་གྲྭ་པ་མངོན་ཤེས།   དབུས་པ་དར་གྲགས།   རོགས་སྟོན་དཀོན་མཆོག་སྐྱབས།   གཡུ་ཐོག་ཡོན་ཏན་མགོན་པོ།  སུམ་སྟོན་ཡེ་ཤེས་གཟུངས།   པཎ་ཆེན་གཞོན་ནུ་ཡེ་ཤེས།  གཙང་སྟོན་སངས་རྒྱས་ཡེ་ཤེས།   མཁས་པ་རིན་ཆེན་རྡོ་རྗེ།   བླ་མ་དོན་གྲུབ་རྒྱལ་མཚན།  བྲང་ཏི་དཀོན་མཆོག་སྐྱབས།   དཔལ་ལྡན་འཚོ་བྱེད།   འཚོ་བྱེད་རིན་ཆེན།   རྣལ་འབྱོར་བསོད་དབང་།   རྣལ་འབྱོར་ཆེན་པོ།   རི་ཁྲོད་ཞིག་པོ།   བྱ་བཏང་དཀོན་མཆོག་ལྷུན་གྲུབ།   ཟུར་མཁར་མཉམ་ཉིད་རྡོ་རྗེ།   ཀྱེན་པ་ཚེ་འབུམ།   བྱར་པོ་པཎ་ཆེན།   ཟླ་བའི་དབང་པོ།    པོ་པོ་བློ་ལྡན།   བསྟན་འཛིན་རྒྱལ་པོ།   དེ་སྲས་གཞན་ཕན་དབང་པོ།   ཀུན་མཁྱེན་པ།   མཁས་དབང་བུདྡྷ་ནས།   ཡོངས་འཛིན་ཀུན་དགའ།   ཆོས་ཀྱི་དབང་ཕྱུག    དགེ་ལེགས་བཞད་པ།    ཀུན་དགའ་བསྟན་འཛིན།   ཆོས་རྒྱལ་རྒྱ་མཚོ།    བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ།   ཆོས་ཀྱི་སྣང་བ།   འཛི་སྒར་རྗེའོ”།   ། 

        “གསུམ་པ།   【ཉེར་བརྒྱུད་ཀྱི་ལུགས།】    སངས་རྒྱས་སྨན་གྱི་བླ་མ།   མཁའ་འགྲོ་མ་དཔལ་ལྡན་ཕྲེང་བ།   རྗེ་གཡུ་ཐོག་པ་ཆེན་པོ་ལས་རིམ་པ་བརྒྱུད་པའོ”།    ། 

         ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་ལས་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་ལུང་རྒྱུན་གཉིས་ཀའི་ནང་དུ་གཡུ་ཐོག་རྙིང་མ་ཟེར་བ་གཏན་ནས་མི་འདུག    གོང་གི་དཔྱད་གཞི་དག་ལ་ལེགས་པར་གཟིགས་དང་།  གཡུ་ཐོག་རྙིང་མ་མེད་པ་སྒྲུབ་མཁན་འབེ་ལོ་གཅིག་པུ་ག་ལ་ཡིན།    དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཟེར་བའི་གང་ཟག་ཅིག་ལོ་རྒྱུས་ཐོག་བྱུང་ཡོད་མེད་ཁོ་བོས་སྨྲ་མི་ནུས་ཀྱང་།    བོད་ཀྱི་《གསོ་རིག་རྒྱུད་བཞི་》  དང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་གཉིས་བར་ལ་འབྲེལ་བ་ཏིལ་འབྲུལ་ཙམ་ཡང་མེད་པར་སྨྲ་བའི་སྤོབ་པ་གངས་རི་ཏི་སེའི་དཔང་ལས་ཀྱང་མཐོ་བ་ཞིག་བདག་རྒྱལ་ཁམས་པས་རྙེད་དོ།    ། 

        ཁྱེད་ཀྱི་རྩོམ་ཡིག་ལས།   གཡུ་ཐོག་རྙིང་མ་མེད་པ་བསྒྲུབ་ན་སོ་སོའི་བསོད་ནམས་ལ་གནོད་པར་གསུང་པ་དེ།  གལ་སྲིད་ལོ་རྒྱུས་ཐོག་གཡུ་ཐོག་རྙིང་མ་ཞིག་བྱུང་ཡོད་ན་བདེན་མོད།    དེ་བས་རྩོད་མེད་ཀྱི་དངོས་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་ལྷ་ས་སྨན་རྩིས་ཁང་གི་གསོ་རིག་ཞལ་ཐང་བརྒྱད་ཅུ་དང་།   རྒྱལ་བ་ལྔ་པའི་གསན་ཡིག     སྡེ་སྲིད་ཀྱི་གསོ་རིག་ཁོག་དབུབ།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་རྣམས་སྣང་མེད་དུ་དོར་ན་ཆོས་སྤང་དམ་པ་སྨད་པའི་ཉེས་དམིགས་འབྱུང་སྲིད་པས་ཐུགས་དཔྱོད་ཡངས་པོར་ཞིག་མཛོད་ཅིག    ། 

           གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཡོད་པར་འདོད་པའི་གངས་ཅན་བོད་ཀྱི་ལྷ་རྗེ་རྣམས་གསོན་ཅིག    རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བོད་ཀྱི་གསོ་བ་རིག་པའི་ཞལ་ཐང་བརྒྱད་ཅུ་དང་།    རྒྱལ་བ་ལྔ་པའི་གསན་ཡིག     སྡེ་སྲིད་ཀྱི་གསོ་རིག་ཁོག་དབུབ།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་བཅས་ལ་ཞིབ་ཏུ་བལྟས་པས།    གཡུ་ཐོག་རྙིང་མ་ལས་བརྒྱུད་པའི་གསོ་བ་རིག་པའི་ཁྲིད་རྒྱུན་དང་།  ལུང་རྒྱུན་ཞིག་བོད་གངས་ཅན་ལྗོངས་འདིར་རྩ་བ་ནས་མི་སྣང་།   དེས་ན་ཁྱེད་རྣམ་ཚང་ལ་བཞུགས་པའི་རྒྱུད་བཞིའི་ཁྲིད་རྒྱུན་དང་།  ལུང་རྒྱུན་དེ་དག་གཡུ་ཐོག་རྙིང་མས་ཐད་ཀར་ཁྱེད་རྣམས་ལ་བརྒྱུད་པའི་ཤིན་ཏུ་ཉེར་བརྒྱུད་ཀྱི་གདམས་ངག་ཞིག་ཡིན་ངེས་པས་ཐུགས་དམ་ཟབ་བཞེས་གནང་བར་ཞུ།   ། 

ཞེས་ཤར་དཔལ་སྤུངས་པའི་སྨན་གྲྭ་འཛིན་པ་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་ཀུ་རེའི་ཚུལ་དུ།   སྤྱི་ལོ་༢༠༡༤ལོའི་ཟླ་བ་༢པའི་ཚེས་༡༠འགོ་བཙུགས་ཚེས་༡༡་ཉིན་ཡོངས་སུ་རྫོགས་པར་བྲིས་སོ།   ། 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1