འདི་ནི་སྣ་དཀར་རྩེ་རྫོང་གྲོང་གི་ཚོང་དུད་ཅིག་གིས《ཚོང་ཁྲོམ་སླར་གསོའི་ཆོག་འཐུས་ལག་ཁྱེར》སྟོན་བཞིན་པ།
ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས“རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་གྱིས་རིགས་དབྱེ་དོ་དམ་དང་། སྔོན་འགོག་ཚོད་འཛིན་ནན་པོ། གོ་རིམ་ལྡན་པའི་ངང་སླར་གསོ། ཞབས་ཞུར་ཤུགས་སྣོན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཉིན་ཤས་གོང་ཁྲོམ་ར་སླར་གསོའི་ཞིབ་དཔྱད་ཐོབ་པའི་ཁྲོམ་རའི་བྱེད་པོ་28(མཁོ་སྤྲོད་འགན་ལེན་གྱི་གཉེར་སྐྱོང་ཚན་པ་ཚུད་པ)ལ《ཚོང་ཁྲོམ་སླར་གསོའི་ཆོག་འཐུས་ལག་ཁྱེར》ཁག་དང་པོ་སྤྲད་པ་མ་ཟད། བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡང་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།