ཉེ་ཆར། ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོ་དྷ་ཀེ་གྲོང་སྡེའི་སུར་པན་འདེབས་འཛུགས་རྟེན་གཞིར་དང་བླངས་པས་འདེབས་འཛུགས་དུད་ཚང་ལ་སུར་པན་བསྡུ་རོགས་དང་། གདམ་གསེས། སྒམ་དུ་འཇོག་རོགས་བཅས་བྱེད་ཀྱིན་ཡོད།
མིག་སྔར། སྐྱེ་ཁམས་ཤིང་འབྲས་དང་སྔོ་ཚལ་བྲིན་པའི་དུས་ཚིགས་སུ་སླེབས་ཡོད་པས། ཁྲོ་ཆུ་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་སྡེ་ཚན་དང་ཡུལ་གྲོང་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ལམ་སྣེ་གཉིས་ལ་ལམ་ཐིག་གཅིག་དང་། ཐུག་འཕྲད་མི་བྱེད་པའི་ཉོ་ཚོང་། ཁ་ཕྱོགས་གཏན་འཁེལ་གྱི་རླངས་འཁོར་གཏོང་བ་སོགས་ཀྱི་ཕྱིར་ཚོང་བྱེད་ཐབས་སྤྱད་དེ་ཤིང་འབྲས་དང་སྔོ་ཚལ་ས་ཆ་སོ་སོར་ཕྱིར་འཚོང་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་ཤར་གཏོང་ཐུབ་པར་བྱས།
ཟླ་9ཚེས་12ཉིན་བར། ལི་སོབ་དང་། སུར་པན། མ་རྨོས་ལོ་ཏོག་མངར་མོ་སོགས་ཤིང་འབྲས་དང་སྔོ་ཚལ་ཏུན་81བཙོངས་པར་ཡོང་འབབ་སྒོར་ཁྲི་40ལྷག་ཟིན།