ཟླ་9པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱི་ཞིང་བ་རྣམས་སྟོན་ལོ་བསྡུ་ལ་བྲེལ་བཞིན་འདུག །སྨིན་ལེགས་པའི་ནས་དང་གྲོ་ཡི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། གསེར་མདོག་གི་རླབས་ཕྲེང་སྐྱོམ་པའི་རྣང་ཞིང་དང་སྟོན་ལོ་བསྡུ་ལ་བྲེལ་བའི་ཞིང་བའི་རྒྱབ་གཟུགས་རེ་རེས་ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པའི་སྣང་བརྙན་ཞིག་བསྐྲུན་པ་རེད།
སྟོན་བསྡུའི་ཁྲོད་འཕྲད་པའི་དཀའ་ཁག་བསལ་ཆེད། མོ་ལ་གྲོང་རྡལ་གྱིས་“སེ་འབྲུ”ཞབས་ཞུ་རུ་ཁག་ལ་བརྟེན་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ཏེ་ངལ་རྩོལ་བྱེད་མཁན་མེད་པའི་ཁྱིམ་ཚང་ལ་རོགས་རམ་བྱས་ནས་སྟོནབསྡུའི་ལས་ཀ་ལེགས་པར་འགྲུབ་པར་འགན་སྲུང་བྱས་པ་རེད།