༄༅། །བོད་སྨན་ངོ་སྤྲོད། ༼ རྨ་སྨན་གྱི་སྐོར།༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02


ཝོར་ཏའི་ཁཎ་ཊ། བསིལ། དུག་ཤས་ཆེ།

ཕན་ནུས། རྨ་རིགས་གསར་རྙིང་དང་། གཉན་ཚད་རྒྱས་ཏེ་སྐྲངས་སྦོས་ཆེ་བ། གཞང་འབྲུམ་གྱི་ནད་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག རྨ་དང་སྐྲངས་པོར་བྱུག་རྒྱུ།

 

བཅད་སྦྱོར། བསིལ། བཟི་མེད།

ཕན་ནུས། ཤུ་བ་དང་། རྨ་རིགས་ཀུན་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་མར་དང་མཉམ་དུ་བསྲེས་ནས་རྨ་ཁར་བྱུག་རྒྱུ།

 

ཉེ་ཤིང་ཁཎ་ཊ། དྲོད། བཟི་མེད།

ཕན་ཚས། པགས་ནད་དང་། ཆུ་སེར་སྐེམས་པ། རྨ་རིགས་གསར་རྙིང་ཀུན་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག རྨ་ཁར་བྱུག་རྒྱུ།

 

ཡུག་གུ་ཤིང་ཁཎ་ཊ། བསིལ། བཟི་མེད།

ཕན་ནུས། ཆུ་སེར་དང་པགས་ནད་ཀྱིས་འབྲུམ་ཐོར་ཤར་བ་དང་། རྨ་དང་ཤུ་བའི་རིགས་ལ་ཕན།

སྤྱོད་སྟངས། འབྲུམ་ཐོར་དང་སྐྲངས་པོར་ཉིན་རེར་ཐེངས་གཅིག་བྱུག་རྒྱུ།

 

སྟག་ཤའི་ཁཎ་ཊ། བསིལ། དུག་ཤས་ཆེ།

ཕན་ནུས། གཉན་ཚད་རྒྱས་ཏེ་སྐྲངས་སྦོས་ཆེ་བ་དང་། འབྲུམ་ཐོར་འདོན་པ། ཟ་འཁྲུགས་ལངས་པ། མེ་དབལ་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག སྐྲངས་པོར་བྱུག་རྒྱུ།

 

ཤུ་སླ། ཅུང་བསིལ། བཟི་འབྲིང་།

ཕན་ནུས། ཆུ་སེར་གྱིས་འབྲུམ་ཐོར་ཤར་པ། ཤུ་བ་སོགས་ལ་ཕན།

སྤྱོད་སྟངས། ཉིན་རེར་ཐེངས་གཅིག འབྲུམ་ཐོར་དང་ཤུ་བར་མར་རྙིང་མཉམ་དུ་བསྲེས་ནས་བྱུག་རྒྱུ།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1